ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུ་རྒྱལ་ཁབ་ཏུ་མཚོ་གྲུ་གཉིས་ཐུག་བརྒྱབ་སྟེ་ཉུང་མཐར་ཡང་མི11ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུ་རྒྱལ་ཁབ་དམངས་སྲུང་ཅུའུ་ཡིས་ཚེས29ཉིན་བདེན་དབང་ར་སྤྲོད་བྱས་དོན། མཚོ་གྲུ་གཉིས་ཉིན་དེའི་ཐོ་རེངས་སྐབས་རྒྱལ་ཁབ་དེའི་བྱང་ཤར་ས་ཕྱོགས་ཀྱི་ལའོ་ལེ་ཐུའོ་ཞིང་ཆེན་མངའ་ཁོངས་ཀྱི་ཝ་ཡཱ་ཅཱ་གཙང་བོའི་སྟེང་ཐུག་བརྒྱབ་སྟེ། ཉུང་མཐར་ཡང་མི11ཚེ་ལས་འདས་པ་དང་མི6ལ་རྨས་སྐྱོན་ཕོག་པ་མ་ཟད། མི9གར་སོང་ཆ་མེད་དུ་གྱུར།

པེ་རུ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས29ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འགྲུབ་བ་མི80ལྷག་འདྲུད་པའི་མཚོ་གྲུ་ཞིག་སཱ་མཱོ་ལཱ་གྲུ་ཁའི་ཉེ་འགྲམ་དུ་མཚོ་གྲུ་གཞན་ཞིག་དང་རྡུང་ཐུག་བྱུང་བས་མི་མང་པོར་ཤི་རྨས་བཟོས་ཡོད། ཉེན་ཁ་ལས་ཐར་མཁན་ཞིག་གིས་ས་གནས་དེ་གའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། སྐབས་དེར་དོན་རྐྱེན་བྱུང་སར་སྨུག་པས་ཁེབས་ཡོད་པའི་དབང་གིས་རྒྱང་རིང་བོར་མཐོང་མི་ཐུབ་ལ་གྲུ་དཔོན་གྱིས་ཉེ་ས་རུ་མཚོ་གྲུ་གཞན་ཞིག་ཉེ་བར་བཅར་ཡོང་བ་ཤེས་སྟབས་མྱུར་དུ་ཇེ་དལ་བཏང་མོད་ཕན་འབྲས་མ་བྱུང་ཟེར།

དོན་རྐྱེན་བྱུང་རྗེས། པེ་རུའི་མཚོ་དམག་དང་། དམངས་སྲུང་དང་འཕྲོད་བསྟེན་སྡེ་ཁག་ཚང་མས་མྱུར་སྐྱོབ་ནང་ཞུགས་པ་རེད། པེ་རུའི་མཚོ་དམག་གིས་སྤྱི་ཚོགས་འབྲེལ་བའི་སྨན་བྱད་བརྒྱུད་དེ་མིག་སྔར་མི60ལྷག་གི་སྲོག་སྐྱོབ་ཐུབ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།