ཧིན་རྡུ་བྱང་ཕྱོགས་པང་དུ་ཉེ་ཆར་རྒྱུ་རྐྱེན་མི་ཤེས་པའི་ཚ་བ་རྒྱས་ཏེ་མི70ལྷག་ཚེ་ལས་འདས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་སྨྱན་བྱད་ཀྱིས་ཚེས30ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧིན་རྡུ་བྱང་ཕྱོགས་པང་དུ་ཉེ་ཆར་རྒྱུ་རྐྱེན་མི་ཤེས་པའི་ཚ་བ་རྒྱས་ཏེ་མི70ལྷག་ཚེ་ལས་འདས། དེའི་ཁྲོད་བྱིས་པ40ལྷག་འདུས།

《ཧིན་རྡུ་སྐབས་དོན་ཚགས་པར》སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཉེ་བའི་གཟའ་འཁོར་གཅིག་གི་རིང་། བྱང་ཕྱོགས་པང་གི་ས་གནས་མང་པོར་རྒྱུ་རྐྱེན་མི་ཤེས་པའི་ཚ་བ་རྒྱས་པ་ལས་ཉུང་མཐར་ཡང་མི68ཚེ་ལས་འདས་པ་དང་། དེའི་ཁྲོད་ཧྥེ་ལའོ་ཀྲ་པཱ་ཏི་ས་ཁུལ་དུ་བྱིས་པ33ཚུད་པའི་མི40ཚེ་ལས་འདས་པ་རེད། ནད་པ་མང་ཆེ་བར་ཚ་བ་རྒྱས་པ་དང་ལུས་སྟེང་དུ་ཆུ་ཇེ་ཉུང་དུ་ཕྱིན་པ་སོགས་ཀྱི་ནད་རྟགས་བྱུང་ལ། ནད་པ་སྐོར་ཞིག་ལ་ཏེང་ཀེ་རེ་ནད་རྟགས་བྱུང་ཡོད་པ་རེད།

ཧྥེ་ལའོ་ཀྲ་པཱ་ཏི་ས་ཁུལ་ཀྱི་སྨན་བཅོས་རུ་ཁག་གིས་ཚ་བ་རྒྱས་ཡོད་པའི་ནད་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་ཞིབ་བཤེར་བྱས་ཀྱང་མཇུག་འབྲས་སྲིབ་གཤིས་མངོན་པ་རེད།

བྱང་ཕྱོགས་པང་གི་དབུ་བཞུགས་པུའུ་ཀྲང་ཡུའེ་ཅི·ཨ་ཏི་ཏི་ཡ་ནཱ་ཐུ་ཡིས་ཚེས30ཉིན་ཧྥེ་ལའོ་ཀྲ་པཱ་ཏི་ས་ཁུལ་གྱི་འདས་པོའི་ཁྱིམ་མི་ལ་འཚམས་འདྲི་བྱས་པ་མ་ཟད། ས་གནས་སྲིད་གཞུང་གིས་ནུས་པ་ཡོད་རྒུས་རོགས་སྐྱོར་བྱ་ངེས་ཡིན་ཞེས་ཁས་ལེན་དམ་བཅའ་བྱས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།