ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་མི་དང་ཕ་ལེ་སི་ཐན་གྱི་རྔམ་སྟོན་མི་སྣ་བར་ཡང་བསྐྱར་གདོང་གཏུག་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་དབྱི་སི་རལ་དམག་མིས་ཡང་བསྐྱར་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་མཐའ་མཚམས་སུ་ཕ་ལེ་སི་ཐན་གྱི་རྔམ་སྟོན་པ་དང་གདོང་གཏུག་བྱུང་ཞིང་། ཕ་ལེ་སི་ཐན་གྱི་མི18ལ་རྨས་སྐྱོན་ཕོག འདི་ནི་དབྱི་སི་རལ་དང་ཕ་ལེ་སི་ཐན་གཉིས་བར་བསྟུད་མར་གདོང་གཏུག་བྱུང་བའི་ཉིན་གཉིས་པ་རེད།

ཚེས29ཉིན་གྱི་ས་སྲོད་མཚམས་ལ་ཕ་ལེ་སི་ཐན་གྱི་མི་སེར་བརྒྱ་ལྷག་གིས་ཅཱ་ཧྲ་དང་དབྱི་སི་རལ་མཐའ་མཚམས་ས་ཁུལ་དུ་ཁྲོམ་སྐོར་བྱས་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ལོ་ངོ་བཅུ་ལྷག་གི་བཀག་སྡོམ་གྲོལ་དགོས་པའི་རེ་བ་བཏོན། དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྔམ་སྟོན་པས་དམག་མི་ཕྱོགས་ལ་རྡོ་རུལ་དང་འབར་རྫས་དབྱུག་སྟབས་དམག་ཕྱོགས་ཀྱིས་མེ་མདའ་དང་འགྱིག་བཟོས་མདེའུ་བཀོལ་ནས་རྒོལ་ལན་སྤྲད། ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་གྱི་མི18ཐེངས་འདིའི་གདོང་གཏུག་ཁྲོད་རྨས་ཕོག

ཚེས28ཉིན། ཅཱ་ཧྲ་ས་ཁུལ་དུ་ཕ་ལེ་སི་ཐན་མི་སེར་གྱིས་དབྱི་སི་རལ་ལྷོ་ཕྱོགས་སུ་འབར་རྫས་བླུག་ཡོད་པའི་དབུགས་ལྒང་ཞིག་བཏང་མཐར་ལྷོ་ཕྱོགས་ས་ཁུལ་གྱི་ས་ཞིང་ལ་མེ་སྐྱོན་བྱུང་བ་རེད། ཉིན་དེའི་ས་སྲོད་ཀྱི་དུས་སུ་ཕ་ལེ་སི་ཐན་མི་སེར་གྱིས་མཐའ་མཚམས་ས་ཁུལ་དུ་ཁྲོམ་སྐོར་བྱེད་དུ་སོང་སྟབས་དབྱི་སི་རལ་གྱི་དམག་མི་དང་གཏོང་གདུག་བྱུང་ཞིང་ཐེངས་འདིའི་གདོང་གཏུག་ཁྲོད་ཕ་ལེ་སི་ཐན་གྱི་མི11ལ་རྨས་སྐྱོན་ཐེབས།

ཕ་ལེ་སི་ཐན་དུ་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)བསླངས་ཏེ2007ལོར་ཅཱ་ཧྲ་ས་ཁུལ་དུ་དངོས་སུ་ཚོད་འཛིན་དབང་ཆ་བླངས་རྗེས་སུ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཕྱོགས་ཡོངས་ལ་བཀག་སྡོམ་བྱས་པ་མ་ཟད། མི་སེར་འགྲོ་འོང་དང་དངོས་ཟོག་དབོར་འདྲེན་ཐད་ཚོད་འཛིན་བྱས་པས་ཅཱ་ཧྲ་ས་ཁུལ་གྱི་དཔལ་འབྱོར་གནས་བབ་དང་སྤྱི་ཚོགས་དམངས་ཚིས་མུ་མཐུད་ནས་ཇེ་སྡུག་ཏུ་གྱུར།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།