ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡའི་གཏུམ་སྤྱོད་གདོང་ཐུག་ལས་ཉུང་མཐར་ཡང་མི210རྐྱེན་ལམ་དུ་ཤོར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ཨེ་ཙེ་ཨོ་ཕི་ཡའི་གྲོས་ཚོགས་ཁོངས་གཏོགས་ཀྱི་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་རྒྱལ་ཁབ་དེའི་ཨའོ་ལུའོ་སྨི་ཡ་མངའ་སྡེ་རུ་བྱུང་པའི་གཏུམ་སྤྱོད་གདོང་ཐུག་ལས་ཉུང་མཐར་ཡང་མི210རྐྱེན་ལམ་དུ་ཤོར་འདུག་ཅེས་བཤད་པ་རེད།

ཨེ་ཙེ་ཨོ་ཕི་ཡའི་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་དོན། ཚེས18ཉིན་ནས་བཟུང“ཨོ་ལུའོ་མོ་བཅིངས་འགྲོལ་དམག”གི་དྲག་ཆས་མི་སྣས་ཨའོ་ལུའོ་སྨི་ཡ་མངའ་སྡེ་ཡི་ནུབ་རྒྱུད་དུ་གནས་པའི་ཨ་མུའུ་ཧ་ལཱ་རིགས་ཀྱི་མིར་དྲག་ཆས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི150རྐྱེན་ལམ་དུ་ཤོར་བ་རེད། དེ་རྗེས་མངའ་སྡེ་དེར་རིགས་རྒྱུད་ཀྱི་འཁོན་ལན་སློག་པའི་འཇབ་རྒོལ་ཐེངས་མང་བྱུང་ནས་ཉུང་མཐར་ཡང་མི60རྐྱེན་ལམ་དུ་ཤོར་བ་རེད།

ཨེ་ཙེ་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁའི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་མི་རིགས80ལྷག་གིས་གྲུབ་པ་ཞིག་རེད། དེའི་ཁྲོད་ཨོ་ལུའོ་མོ་རིགས་ནི་མི་འབོར་ཆེས་མང་ཤོས་ཡིན་ཞིང་གཙོ་བོ་ཨོ་ལུའོ་སྨི་ཡ་མངའ་སྡེ་རུ་འཚོ་སྡོད་བྱེད་པ་དང་། དེའི་རྗེས་ཨ་མུའུ་ཧ་ལཱ་རིགས་ཡིན་ལ་གཙོ་བོ་ཨ་མུའུ་ཧ་ལཱ་མངའ་སྡེ་རུ་འཚོ་སྡོད་བྱེད་པ་ཡིན། མི་རིགས་འདི་དག་བར་ས་ཞིང་དང་ཆུ་ཁུངས་སོགས་ཐད་གདོང་གཏུག་མང་པོ་བྱུང་བཞིན་ཡོད།

ད་ལོའི་ཟླ5པར་ཨེ་ཙེ་ཨོ་ཕི་ཡའི་གྲོས་ཚོགས་ཀྱིས“ཨོ་ལུའོ་མོ་བཅིངས་འགྲོལ་དམག”འདི་འཇིགས་སྐུལ་རྩ་འཛུགས་ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།