ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་ཨུ་རུ་སི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ8པའི་ཚེས23ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མའོ་སི་ཁོའི་རྒྱལ་གཅེས་པའི་སྤྱི་གླིང་ནས་སྤེལ་བའི་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། 

2.jpg

ཟླ8པའི་ཚེས23ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མའོ་སི་ཁོའི་རྒྱལ་གཅེས་པའི་སྤྱི་གླིང་ནས་སྤེལ་བའི་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། 

3.jpg

ཟླ8པའི་ཚེས23ཉིན། ཨུ་རུ་སིའི་མའོ་སི་ཁོའི་ཨ་ལཱ་པུས་ནོའུ་མདའ་འཕེན་ར་བ་ནས། ཡོ་ནན་གྱི་འཐུས་ཚབ་རུ་དཔུང་ཐན་ཁི་འཁོར་ལོའི་རྣམ་གྲངས་གཉིས་ཀྱི་འགྲན་སྡུར་ལ་ཞུགས། 

4.jpg

ཟླ8པའི་ཚེས23ཉིན། ཨུ་རུ་སིའི་མའོ་སི་ཁོའི་ཨ་ལཱ་པུས་ནོའུ་མདའ་འཕེན་ར་བ་ནས། མོང་གོལ་གྱི་འཐུས་ཚབ་རུ་དཔུང་ཐན་ཁི་འཁོར་ལོའི་རྣམ་གྲངས་གཉིས་ཀྱི་འགྲན་སྡུར་ལ་ཞུགས། 

5.jpg

ཟླ8པའི་ཚེས23ཉིན། ཨུ་རུ་སིའི་མའོ་སི་ཁོའི་ཨ་ལཱ་པུས་ནོའུ་མདའ་འཕེན་ར་བ་ནས། སི་རི་ཡཱའི་འཐུས་ཚབ་རུ་དཔུང་ཐན་ཁི་འཁོར་ལོའི་རྣམ་གྲངས་གཉིས་ཀྱི་འགྲན་སྡུར་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་དེ་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁིའི་རྒྱལ་གཅེས་སྤྱི་གླིང་ནས་སྤེལ། 

ཐེངས་འདིའི་འགྲན་སྡུར་གྱི་ཡུན་ཚད་ཉིན་བཅུ་བཞི་ཡིན་པ་དང་། ཨུ་རུ་སི་དང་ཀྲུང་གོ། ཨ་སེ་པེད་ཅང་། ཨུ་རུ་སི་དཀར་པོ་སོགས་རྒྱལ་ཁབ་དང་ས་ཁུལ་བཞི་བཅུའི་འཐུས་ཚབ་རུ་དཔུང་ཉིས་བརྒྱ་དང་དོན་བདུན་གྱིས་འགྲན་སྡུར་རྣམ་གྲངས་སོ་བཞིར་འགྲན་རྩོད་བྱེད་རྒྱུ་ཡིན་པ་དང་། འགྲན་ཞུགས་མི་གྲངས་མི་སྟོང་ལྔ་ལྷག་ཡོད། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ནི་ཟབ་ཞུགས་ཕྱོགས་ཁག་སོ་སོའི་འཐབ་རྩལ་སྦྱོང་བརྡར་དང་མཚོན་ཆ་དང་སྒྲིག་ཆས་ཁོང་དུ་ཆུད་པའི་གནས་ཚུལ་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་ཤིག་ཡིན་པ་དང་། འགྲན་ཞུགས་རྒྱལ་ཁབ་སོ་སོའི་དམག་དཔུང་གི་བརྗེ་རེས་ཡིད་ཆེས་དང་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད་ལ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་ཟེར། 

རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་དམག་དོན་འགྲན་སྡུར་ཞིག་ཡིན་པ་དང་། ད་ལོར་རྒྱལ་ཁབ་བཅུ་གཅིག་གིས་མཉམ་དུ་བསྒྲུབས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ད་ལོར་ཞིན་ཅང་ཁུའུ་ཨར་ལེ་ནས་གཙོ་སྒྲུབ་བྱས་པ་དང་རྣམ་གྲངས་གསུམ་གྱི་འགྲན་སྡུར་ལ་ཞུགས། ཞོར་དུ་རུ་ཁག་བཅུ་བདུན་གྱི་དཔོན་དམག་བདུན་བརྒྱ་ལྷག་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཝུའུ་ཙི་པེ་ཁི་སི་ཐན། དབྱི་ལིང་སོགས་རྒྱལ་ཁབ་ཏུ་མངག་ནས་འགྲན་སྡུར་རྣམ་གྲངས་བཅུ་བདུན་ལ་ཞུགས། 

ཐན་ཁི་འཁོར་ལོའི་རྣམ་གྲངས་གཉིས་ཀྱི་འགྲན་སྡུར་དང་། ཨིག་ཨར་པུའུ་ལུའུ་ཧྲིའི་འོད་ཀོར་ཞེས་པའི་རི་ཁུལ་རྐང་དམག་ཡན་ལག་རུ་ཁག་གི་འགྲན་སྡུར། གསར་གཏོད་རྩལ་འགྲན་རིག་རྩལ་ལེ་ཚན་གྱི་འགྲན་སྡུར་བཅས་ཚེས་ཉེར་གཉིས་ཉིན་སྔོན་ལ་སྤེལ་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།