ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ8པའི་ཚེས24ཉིན་བར་དུ་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ212357898ལ་སླེབས་ཡོད་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ8པའི་ཚེས24ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ212357898ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས24ཉིན་གྱི་ཆུ་ཚོད17དང་སྐར་མ56བར(པེ་ཅིང་གི་ཆུ་ཚོད23དང་སྐར་མ56བར)དུ། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཉིན་སྔོན་མ་ལས434852ཇེ་མང་དུ་སོང་བ་དང་། བསྡོམས་པས212357898ལ་སླེབས་ཡོད། ཤི་བའི་ནད་པ་ཉིན་སྔོན་མ་ལས7192ཇེ་མང་དུ་སོང་སྟེ4439843ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།