ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཡིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་མི་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཁུའུ་ཨར་ཚི་ཡིས་གསལ་བོར་བསྟན་དོན། ཁོ་རང་གི་འགན་ཡུན་ནང་དུ་ཨོ་སི་ཁྲུ་རི་ཡཱ་ཡིས་སྔར་ལས་མང་བའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་པར་འཐད་པ་འབྱུང་མི་སྲིད་ཟེར། 

ཁུའུ་ཨར་ཚི་ཡིས་ཕུའུ་ཨར་སི་བཞི་བའི་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ངས་ཨོ་སི་ཁྲུ་རི་ཡཱ་ཡིས་ད་ལྟ་རང་འགུལ་གྱིས་སྔར་ལས་མང་བའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་པར་མངོན་གསལ་གྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་དེ་འདྲ་རང་གི་ཙུང་ལིའི་འགན་ཡུན་ནང་དུ་འབྱུང་མི་སྲིད་ཟེར། 

ནུབ་ཕྱོགས་རྒྱལ་ཁབ་དག་གི་ཐེ་གཏོགས་སོགས་རྒྱུ་རྐྱེན་དབང་གིས་སི་རི་ཡཱ་དང་དབྱི་རག ཨ་ཧྥུའུ་ཧན། ལི་པུ་ཡཱ་སོགས་རྒྱལ་ཁབ་ཀྱིས་བསྟུད་མར་ལོ་མང་བོའི་རིང་ལ་འཁྲུག་རྩོད་བྱས་པ་དང་། ཡུལ་གྱར་བ་མང་བོ་ཉིས་སྟོང་བཅོ་ལྔ་ལོར་ཡོ་རོབ་གླིང་དུ་ཡོང་། ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་གྱི་ཡོ་རོབ་གླིང་གི་ཡུལ་གྱར་བའི་ཉམས་ཉེན་སྐབས་སུ། ཨོ་སི་ཁྲུ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱབ་ཁོངས་ནང་དང་ལེན་བྱས་པའི་ཡུལ་གྱར་བའི་མི་གྲངས་བརྒྱ་ཆའི་གཅིག་ལས་བརྒལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སྤེལ་བའི་ཉིས་སྟོང་ཉི་ཤུ་ལོའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨོ་སི་ཁྲུ་རི་ཡཱའི་མངའ་ཁོངས་སུ་ད་ལྟ་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་ཁྲི་བཞི་ལྷག་ཡོད་པ་དང་། ཡོ་རོབ་གླིང་ནས་འཇར་མན་གྱི་འཕྲོ་ནས་ཡུལ་གྱར་བ་དང་ལེན་བྱས་པ་ཆེས་མང་བའི་རྒྱལ་ཁབ་ཅིག་རེད་ཟེར། 

ཁུའུ་ཨར་ཚི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་པའི་གནད་དོན་ཐད། ཨོ་སི་ཁྲུ་རི་ཡཱ་ཡིས་བསྡུར་ཚད་ལས་རིང་དུ་བརྒལ་བའི་བྱས་རྗེས་བཞག་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།