ཀྲུང་གོ་བོད་ཀྱི་དྲ་བ།

ཀྲོའུ་ཅ་མའེ་དང་ཝང་ཧའོ་གཉིས་ཀྱིས་ཏུང་ཅིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་དར་ཆ་འཛིན་མཁན་གྱི་འགན་འཁུར་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན། དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས16པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། བུད་མེད་ཀྱི་རྐུབ་སྟེགས་འཁོར་ལོའི་མདའ་འཕེན་ལུས་རྩལ་པ་ཀྲོའུ་ཅ་མའེ་དང་། སྐྱེས་པའི་ཡན་ལག་སྐྱོན་ཅན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཝང་ཧའོ་ཡིས་ཏུང་ཅིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་དར་ཆ་འཛིན་མཁན་གྱི་འགན་འཁུར་རྒྱུ་རེད། 

ཀྲོའུ་ཅ་མིན་ནི་ཀྲེ་ཅང་གི་མི་ཡིན་ལ། 2016ལོའི་ལི་ཡུའེ་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ལྕགས་གཞུའི་ཡོངས་བསྒྲགས་རིམ་པའི་མི་སྒེར་གྱི་འགྲན་སྡུར་དང་མཉམ་བསྲེས་ཚོགས་པ་དང་མི་སྒེར་གྱི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་དང་། 2019ལོའི་འཛམ་གླིང་རྩེ་འགྲན་ལྕགས་གཞུའི་ཡོངས་བསྒྲགས་རིམ་པའི་ཐུན་མོང་འགྲན་སྡུར་དང་ཐུན་མོང་མཉམ་སྲེས་འགྲན་སྡུར་ཁྲོད་ཨང་དང་པོ་བླངས།  སྐབས་འདིའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཁྲོད། ཁོ་མོ་བུད་མེད་ཀྱི་ལྕགས་གཞུའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

ཝང་ཧའོ་ནི་ལེའོ་ཉིང་གི་མི་ཡིན་པ་དང་། 2017ལོ་དང2019ལོའི་འཛམ་གླིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྩེ་འགྲན་ཁྲོད་རྒྱང་མཆོང་གི་གསེར་གྱི་རྟགས་མ་བླངས་མྱོང་། སྐབས་འདིའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཁྲོད། ཁོང་གིས་སྐྱེས་པའིT46རིམ་པའི་སྨི100ཡི་རྒྱུག་ཐུང་དང་། རྒྱང་མཆོང་། སྨི4x100ཡི་ཕོ་མོའི་མཉམ་བསྲེས་ཀྱི་རྣམ་གྲངས་གསུམ་གྱི་འགྲན་སྡུར་ལ་ཞུགས་རྒྱུ་རེད།

དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས16པ་དེ་ཟླ8པའི་ཚེས24ཉིན་ནས་ཟླ9པའི་ཚེས5ཉིན་བར་ཏུང་ཅིང་དུ་འཚོག་རྒྱུ་རེད། ཁྱོན་རྣམ་གྲངས་ཆེ་གྲས22དང་ཆུང་གྲས539ཡོད་ལ། རྒྱལ་ཁབ་དང་ས་ཁུལ160ཡི་ལུས་རྩལ་པ4400ཙམ་འགྲན་སྡུར་ནང་ཞུགས་ཡོད། ཐེངས་འདི་ནི་རང་རྒྱལ་གྱིས་ཐེངས་བཅུ་པར་ཚོགས་པ་མངགས་ནས་དབྱར་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་རེད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།