ཀྲུང་གོ་བོད་ཀྱི་དྲ་བ།

ཧའེ་ཏིའི་ནུབ་རྒྱུད་ཀྱི་ས་འགུལ་ལས་མི2207ཤི་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧའེ་ཏིའི་དམངས་འགོག་སྡེ་ཁག་གིས་ཚེས22ཉིན་བཤད་རྒྱུར། ཉིན་དེའི་སྔ་དྲོའི་བར་དུ། ཚེས14ཉིན་བྱུང་བའི་ཚད་རིམ7.2ཅན་གྱི་ཧའེ་ཏིའི་ས་འགུལ་ལས་མི2207ཤི་བ་དང་། མི12268ལ་རྨས་ཕོག་ལ། མི344གར་སོང་ཆ་མེད་དུ་གྱུར།

ཧའེ་ཏིའི་དམངས་འགོག་སྡེ་ཁག་གིས་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་སྟེང་བཤད་རྒྱུར། ཧའེ་ཏི་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་བེམ་པོ་རྙེད་པ་དང་། མི་ཤི་ཚད2207ལ་ཇེ་མང་དུ་སོང་། གཞན་ཡང་ས་འགུལ་གྱིས་ཁང་བ་ཁྲི5.2བརྡིབས་པ་དང་། ཁང་བ་ཁྲི7.7ལ་གནོད་སྐྱོན་ཐེབས་ཡོད།

མིག་སྔར། རྒྱལ་སྤྱིའི་རོགས་སྐྱོར་དངོས་ཟོག་སྔ་གཞུག་ཏུ་ཧའེ་ཏི་རུ་འབྱོར་ཡོད། གཞུང་ལམ་དང་ཟམ་པར་གནོད་སྐྱོན་ཐེབས་པ་དང་བདེ་འཇགས་སོགས་ཀྱིས་དབང་གིས་ས་ཁུལ་སྐོར་ཞིག་གི་ཟ་མ་དང་ཆུ། སྨན་བཅོས་དངོས་ཟོག་སོགས་ཀྱི་མཁོ་སྤྲོད་ལ་དཀའ་ངལ་བྱུང་ཡོད།

ཧའེ་ཏིའི་ཙུང་ལི་ཧིན་ལིས་ཚེས20ཉིན་བསྟན་དོན། རྒྱལ་ཁབ་འདིའི་མི་ཁྲི70ལྷག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། གནོད་ཕྱིའི་བསྐྱར་སྐྲུན་ལ་དཀའ་ངལ་ཆེན་པོ་བྱུང་ཡོད་ཟེར།

ཨ་རིའི་ས་གཤིས་བརྟག་བཤེར་ཅུའུ་ས་འགུལ་ཆ་འཕྲིན་དྲ་བའི་གནས་ཚུལ་ལྟར་ན། ས་གནས་དེའི་དུས་ཚོད་ཚེས14ཉིན་གྱི་ཆུ་ཚོད7དང་སྐར་མ29སྟེང་། ཧའེ་ཏིའི་ནུབ་རྒྱུད་ཀྱི་ཉི་ཕུའུ་སི་མངའ་སྡེ་རུ་ཚད་རིམ7.2ཅན་གྱི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་ལྟེ་བ་ནི་ཧའེ་ཏིའི་རྒྱལ་ས་ཐའེ་ཙི་ཀང་དང་སྤྱི་ལེ150ཡི་བར་ཐག་ཡོད་ལ། ས་འགུལ་འབྱུང་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ10ཡོད།

2010ལོའི་ཟླ1པོའི་ཚེས12ཉིན། ཧའེ་ཏི་ལ་ཚད་རིམ7.3ཅན་གྱི་ས་འགུལ་བྱུང་བ་དང་། མི་ཁྲི30ཡན་ཤི་བ་རེད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།