ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙང་པོ་བརྒལ་བའི་ལྕགས་ལམ་ཟམ་ཆེན་ཐོག་མ་དེ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙང་པོ་བརྒལ་བའི་ལྕགས་ལམ་ཟམ་ཆེན་དང་པོ་སྟེ་ཐུང་ཅང་ཀྲུང་གོ་དང་ཨུ་རུ་སུ་ཧེ་ལུང་ཅང་ལྕགས་ལམ་ཟམ་ཆེན་སྤྱི་ཚེས་17ཉིན་ལྕགས་ལམ་བཏིང་ནས་ཤར་གཏོང་ཐུབ་ཡོད་པ་རེད། ཟམ་ཆེན་དེ་ཧེ་ལུང་ཅང་ཞིང་ཆེན་ཐུང་ཅང་གྲོང་ཁྱེར་དང་ཨུ་རུ་སུའི་ཞ་-ལེ་ཉིང་སི་ཁོ་གྲོང་ཁྱེར་བར་དུ་གནས་ཤིང་། སྤྱིའི་རིང་ཚད་ལ་སྨི་7194ཡོད་པ་དང་། རྣམ་གྲངས་ཇུས་འགོད་བྱས་པའི་ལྕགས་ལམ་ཟམ་ཆེན་དེ་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་བྱེ་བ་གཉིས་དང་ས་ཡ་གཅིག་ཟིན་ཐུབ་པས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ཉོ་ཚོར་དབོར་འདྲེན་གྱི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་ཡོང་ཐུབ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།