ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ནུབ་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་འཇབ་རྒོལ་ཐེབས་ནས་མི་སོ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏིས་ལཱ་པེ་ལི་ཞིང་ཆེན་གྱི་སྡེ་བ་ཞིག་ལ་ཚེས་བཅུ་དྲུག་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་སོ་བདུན་རྐྱེན་ལམ་དུ་ཤོར་ཟེར། 

ནེ་ཀྲིར་དམག་ཕྱོགས་ཀྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་འཕྲུལ་རྟར་ཞོན་ནས་ཏིས་ལཱ་པེ་ལི་ཞིང་ཆེན་གྱི་སྡེ་བ་ཞིག་ཏུ་ཡོང་བ་དང་། ཞིང་སའི་ནང་ལས་ཀ་བྱེད་བཞིན་པའི་ཞིང་བར་འཇབ་རྒོལ་བྱས། འདས་པའི་གྲས་སུ་བུད་མེད་བཞི་དང་བྱིས་པ་བཅུ་བཞི་འདུས། གཞན་ཡང་མི་བཞིར་རྨས་ཕོག་ཡོད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།