ཧྥི་ལི་ཕིན་དུ་ལཱ་མུའུ་ཏཱ་ནད་དུག་གི་ནད་པ་ཐོག་མ་རྙེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥི་ལི་ཕིན་འཕྲོད་བསྟེན་པུའུ་ཡིས་ཚེས15ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་དེར་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུད་འགྱུར་ལཱ་མུའུ་ཏཱ་ནད་དུག་གི་ནད་པ་ཐོག་མ་རྙེད།

འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་དོན། ནད་པ་དེ་ནི་སྐྱེས་མ་ལོ35ཅན་ཞིག་ཡིན་ཞིང་། ནད་རྟགས་མེད་པའི་ནད་པ་ཡིན་པ་དང་། ཉིན10རིང་ཟུར་བགར་བྱས་རྗེས་བདེ་ཐང་དུ་གྱུར། སྨན་བཅོས་འཕྲོད་བསྟེན་མི་སྣས་ནད་པའི་ཁུངས་འདེད་དང་ནད་ཀྱི་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།

ལཱ་ཏཱ་མུའུ་ནད་དུག་དེ་ཕེ་རི་རུ་རྙེད་ཅིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“མཉམ་འཇོག་བྱེད་དགོས”པའི་པྲོག་གསར་རྒྱུད་འགྱུར་ནད་དུག་གྲས་ཀྱི་གཅིག་གི་ཁྲོད་བཞག་ཡོད། ཞིབ་འཇུག་པ་སྐོར་ཞིག་གིས་ནད་དུག་དེར་འགོ་བའི་རང་བཞིན་ཆེས་ཆེར་ལྡན་པ་དང་སྙོམ་སྦྱོར་འགོག་པའི་དུག་འགོག་ནུས་ཤུགས་དྲག་པོ་ལྡན་པར་འདོད། 

ཧྥི་ལི་ཕིན་འཕྲོད་བསྟེན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིན་དེར་རྒྱལ་ཁབ་དེར་གསར་བྱུང་ནད་པ14749ཡོད་པ་དང་། རིམས་ནད་བྱུང་བའི་རིང་གི་ཉིན་རྐྱང་བའི་གསར་བྱུང་གི་མཐོ་གསར་སྐྲུན་ཞིང་།ཁྱོན་བསྡོམས་ནད་པ་ཁྲི174ལས་བརྒལ་ཏེ། ཤི་བའི་ནད་པ་བསྡོམས་པས30340ལ་སླེབས།

ཧྥི་ལི་ཕིན་གྱི་རིམས་ནད་ཉེ་ཆར་འཕར་སྣོན་མགྱོགས་པའི་གནས་ཚུལ་མངོན་པ་དང་། བསྟུད་མར་ཉིན་མང་པོར་གསར་བྱུང་ནད་པ་ཁྲི1ལས་བརྒལ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།