ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་ཨ་ཧྥུའུ་ཧན་གྱི་གནས་བབ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་ཨ་ཧྥུའུ་ཧན་གྱི་གནས་བབ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཛ་དྲག་གི་དུས་སྐབས་འདིར་ཁོས་ཕྱོགས་ཁག་སོ་སོ་དང་ཁྱད་པར་དུ་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཚད་ཆེན་པོས་རང་ཚོད་བཟུང་སྟེ། ཚེ་སྲོག་ལ་སྲུང་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་བསྐང་བར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཤིང་། སྤྱད་ཆོག་པའི་བྱེད་ཐབས་གང་རུང་སྤྱད་དེ། ཨ་ཧྥུའུ་ཧན་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་ལ་སྲུང་སྐྱོབ་བྱེད་པ་དང་གཅིག་གྱུར་ཡོང་བར་བྱས་ཏེ། ཨ་ཧྥུའུ་ཧན་དེ་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ལ་འགེབས་སྲུང་བྱེད་སའི་གནས་སུ་མི་འགྱུར་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཐཱ་ལེ་པན་དང་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་མི་ཚང་མའི་ཁེ་དབང་དང་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་ཧྥུའུ་ཧན་གྱི་བུད་མེད་དང་བུ་མོ་ལོ་ཆུང་གི་ཐོབ་པར་དཀའ་བའི་ཁེ་དབང་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན་དོན། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་མི་དམངས་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་བཀོད་སྒྲིག་སྲུང་འཛིན་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་གཞིར་བཟུང་ནས་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།