ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་གིས་ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་ཀྱི་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་ཁ་པར་བཏང་སྟེ། ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་ཨ་ཧྥུའུ་ཧན་གྱི་གནས་བབ་འཕེལ་ཕྱོགས་ལ་ཞིབ་ཏུ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རོགས་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། ཞོར་དུ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མུ་མཐུད་དུ་དུས་བཅད་འབྲེལ་འདྲིས་བྱེད་རྒྱུའི་ཚུལ་བསྟན། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་གནད་དོན་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་བོའི་མཉམ་ལས་རྒྱ་བསྐྱེད་པར་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཅིག་གྱུར་སྒོས་བསྟན་དོན། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་འདྲིས་རོགས་ལས་ཇེ་ཟབ་ཏུ་བཏང་སྟེ། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།