ཀྲུང་གོ་བོད་ཀྱི་དྲ་བ།

དངོས་ཟོག་གྲུ་གཟིངས་ཞིག་འཇར་པན་ཉེ་འགྲམ་གྱི་མཚོ་ཁོངས་སུ་བྲག་རྡོར་རྡུང་རྗེས་སྣུམ་ཕྱི་རུ་ཤོར།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྨྱན་བྱད་ཀྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། པ་ན་མའི་རྒྱལ་ཁོངས་ཡིན་པའི་དངོས་ཟོག་གྲུ་གཟིངས་ཤིག་ཚེས11ཉིན་འཇར་པན་ཆིན་སིན་རྫོང་པཱ་ཧུའུ་གྲུ་ཁའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་བྲག་རྡོར་རྡུང་རྗེས་སྣུམ་ཕྱི་རུ་ཤོར་བའི་དོན་རྐྱེན་བྱུང་བ་དང་། མྱུར་སྐྱོབ་མི་སྣས་དོན་རྐྱེན་བྱུང་སར་སྣུམ་འགོག་ལས་ཀ་སྤེལ། གྲུ་གཟིངས་སྟེང་གི་མི21སྲོག་ཉེན་ལས་ཐར།

གསར་འགྱུར་ལས་བསྒྲགས་པ་ལྟར་ན། གྲུ་གཟིངས་དེ་ཚེས11ཉིན་གྱི་སྔ་དྲོར་པཱ་ཧུའུ་གྲུ་ཁའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་བསྐྱོད་སྐབས་རླུང་འཚུབ་དྲག་པོ་བྱུང་ནས་མཚོ་འགྲམ་དུ་བཅར་བ་དང་། དེའི་རྗེས་གྲུར་གས་ཁ་ཤོར་བ་མ་ཟད་ཆེ་རུ་ཕྱིན། ཚེས12ཉིན་གྱི་ཞོགས་པར། གྲུ་དེ་གས་ཁ་གཉིས་སུ་ཤོར་བ་མ་ཟད་སྣུམ་ཕྱི་རུ་ཤོར། ཚེས12ཉིན་གྱི་དུས་ཚོད17སྟེང་། དོན་རྐྱེན་གྱིས་མཚོ་ངོས་སུ་རིང་ཚད་ལ་སྤྱི་ལེ24དང་། ཞེང་ཚད་ལ་སྨི800ཅན་གྱི་སྣུམ་ཞག་ཅིག་འཐེན།།

གསར་འགྱུར་ལས་བསྒྲགས་པ་ལྟར་ན། འཇར་པན་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་མངགས་ཏེ་དོན་རྐྱེན་ལ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།