ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་རྒྱ་མཚོ་ལྷོ་མའི་སང་ཝའེ་ཆི་གླིང་ཚོམས་ལྷོ་མར་ཚད་རིམ7.5ཡི་ས་འགུལ་བྱུང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནུབ་རྒྱ་མཚོ་ལྷོ་མའི་སང་ཝའེ་ཆི་གླིང་ཚོམས་ལྷོ་མར་སུ་ཚད་རིམ7.5ཡི་ས་འགུལ་བྱུང་།

ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ས་འགུལ་བརྡ་འཕྲིན་དྲ་བའི་བསྒྲགས་པ་ལྟར་ན། ས་འགུལ་དེ་གི་ལིན་ནི་ཀྲིའི་དུས་ཚོད་ཚེས12ཉིན་གྱི་ཆུ་ཚོད18དང་སྐར་མ32(པེ་ཅིང་གི་དུས་ཚོད་ཚེས13ཉིན་གྱི་ཆུ་ཚོད2དང་སྐར་མ32།)སྟེང་། ས་འགུལ་གྱི་དཀྱིལ་དབུས་ནི་ལྷོ་འཕྲེད་ཏུའུ57.596དང་། ནུབ་གཞུང་ཏུའུ25.187དུ་ཡོད་ཅིང་། ས་འགུལ་གྱི་ཟབ་ཚད་སྤྱི་ལེ63.3ཡིན། དེའི་རྗེས་སུ། ས་ཁུལ་འདིར་ས་འགུལ་ཚད་རིམ་5.0དང་ཚད་རིམ6.2བར་གྱི་ས་འགུལ་དུ་མ་བྱུང་།

སང་ཝའེ་ཆི་གླིང་ཚོམས་ལྷོ་མ་ནི་མི་མེད་གླིང་ཕྲན་གྱིས་གྲུབ་པ་དང་། སའི་གོ་ལའི་ལྷོ་སྣེར་ཉེ་ཞིང་། གླིང་ཕྲན་སྟེང་རི་མང་བ་དང་། རྒྱུན་པར་འཁྱགས་དར་གྱིས་ཁེབས་ཤིང་། རྒྱུན་སྡོད་སྡོད་དམངས་མེད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།