ཀྲུང་གོ་བོད་ཀྱི་དྲ་བ།

མོ་ཞི་ཁོ་རུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་ནད་པ་ཁྲི300ལས་བརྒལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཞི་ཁོ་འཕྲོད་བསྟེན་པུའུ་ཡིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་རིམས་ནད་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཁབ་འདིར་ཉིན་སྔོན་མ་དང་བསྡུར་ན་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ22711གསར་སྣོན་བྱུང་བས། ཁྱོན་བསྡོམས་ནད་པ3020596ལ་སླེབས། ཤི་བའི་ནད་པ727གསར་སྣོན་བྱུང་བས། ཁྱོན་བསྡོམས་ཤི་བའི་ནད་པ246203ལ་སླེབས།

ཟླ6པའི་ཟླ་དཀྱིལ་ནས་བཟུང་། མོ་ཞི་ཁོའི་པྲོག་གསར་གློ་ཚད་གནས་ཚུལ་མངོན་གསལ་གྱིས་ཇེ་མང་དུ་སོང་། ཟླ7པའི་ཚེས6ཉིན། མོ་ཞི་ཁོའི་འཕྲོད་བསྟེན་པུའུ་ཡིས་རིམས་ནད་སྐོར་ཐེངས་གསུམ་པ་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། རྗེས་ཕྱོགས་ཀྱི་ཟླ་གཅིག་གི་ནང་ཉིན་རེར་གསར་བྱུང་ནད་པ་མུ་མཐུད་དུ་འཕར་བསྣོན་འབྱུང་རྒྱུ་རེད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟ་མོ་ཞི་ཁོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་དང་ནད་པ་ལྕི་མོའི་ནད་ཁྲིའི་བཀོལ་ཚད་སོ་སོར54%དང46%ཟིན། ཚེས10ཉིན་བར། མོ་ཞོ་ཁོའི་རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་ཐེངས་ཁྲི7377ལས་བརྒལ་བ་དང་། རྒྱལ་ཁབ་འདིའི58%ཡི་མི་དར་མར་མ་མཐའ་ཡང་པྲོག་གསར་འགོག་ཁབ་ཐེངས་གཅིག་བརྒྱབ་ཟིན།

ཨ་མེ་རི་ཁའི་ཡའོ་ཧན་སིའི་ཧའོ་པུའུ་ཅིན་སི་སློབ་ཆེན་གྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མོ་ཞི་ཁོར་ཁྱོན་བསྡོམས་པྲོག་གསར་གློ་ཚད་ཀྱི་ཤི་བའི་ནད་པའི་གྲངས་ཀ་འཛམ་གླིང་གི་ཨང་བཞི་བར་སླེབས་པ་དང་། ཨ་མེ་རི་ཁ་དང་པ་ཞི། ཧིན་རྡུ་རྒྱལ་ཁབ་བཅས་གསུམ་གྱི་རྗེས་མ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།