ཐུར་ཁའེ་བྱང་ཕྱོགས་ཀྱི་དྲག་ཆར་གྱིས་ཆུ་ལོག་རྒྱུག་ནས་མི17རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་བྱང་ཕྱོགས་ཀྱི་མཚོ་ནག་འགྲམ་རྒྱུད་ས་ཁུལ་དུ་ཚེས11ཉིན་དྲག་ཆར་བབས་ཏེ་ཆུ་ལོག་རྒྱུག་པ་དང་། ཚེས12ཉིན་མ་མཐའ་ཡང་མི17རྐྱེན་ལམ་དུ་ཤོར་བ་དང་། མི1གར་སོང་ཆ་མེད་དུ་གྱུར།

ཐུར་ཁེའི་འ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། དྲག་ཆར་གྱིས་ཚེས11ཉིན་རྒྱལ་ཁབ་དེའི་བྱང་ཕྱོགས་མཚོ་ནག་འགྲམ་རྒྱུད་ས་ཁུལ་དུ་ཆུ་ལོག་རྒྱུག་ཏེ། ཟམ་པ་མང་པོར་གྱོང་གུད་དང་གཏོར་བརླག་ཐེབས་པ་དང་། སྡེ་བ274རུ་གློག་ཆད་ཅིང་། མི་ཆིག་སྟོང་ལྷག་གནས་སྤར། ཚེས12ཉིན་བར། ཆུ་ལོག་གིས་བྱང་ཕྱོགས་ཀྱི་མངའ་སྡེ3གྱི་མི17རྐྱེན་ལམ་དུ་བཏང་བ་དང་། མི1གར་སོང་ཆ་མེད་དུ་གྱུར།

ཐུར་ཁེའི་ཙུང་ཐུང་འེ་འར་ཏའོ་ཨན་གྱིས་ཚེས12ཉིན་གནོད་ཐེབས་ས་ཁུལ་གྱི་དཔོན་ཕྱོགས་དང་ཁ་པར་བཏང་ནས། སྲིད་གཞུང་གིས་མང་ཚོགས་ཀྱི་འཚོ་བ་སླར་གསོ་བྱུང་བར་རོགས་རམ་བྱེད་བཞིན་པའི་སྒང་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།