ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་བྱང་ཕྱོགས་ཀྱི་ཞིང་ཆེན་གཉིས་ཀྱི་ལྟེ་གནས་གྲོང་ཁྱེར་བཙན་བཟུང་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་བཅུ་གཅིག་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཀི་ལན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཧུའུ་མུའུ་ལི་དང་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ཀྲ་པཱ་ཏི་བཙན་བཟུང་བྱས་ཡོད་ཟེར། 

མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་ད་རུང་བསྟན་དོན། ཐཱ་ལེ་པན་གྱིས་ཁོན་ཏུའུ་ཧྲི་གནམ་གྲུ་ཐང་བཙན་བཟུང་བྱས་ཡོད་ལ། ད་ལྟའི་བར་རྩ་འཛུགས་དེས་ཁོན་ཏུའུ་ཧྲི་ཞིང་ཆེན་ཧྲིལ་བོ་ཡོངས་སུ་བཙན་བཟུང་བྱས་ཡོད་ཟེར། ཁོས་ད་རུང་གནམ་གྲུ་ཐང་སྲུང་བའི་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་ལ་མགོ་སྒུར་ནས་རྩ་འཛུགས་དེའི་ནང་ཞུགས་ཡོད་ཟེར། 

མིག་སྔའི་བར་དུ་ཨ་ཧྥུའུ་ཧན་སྲིད་གཞུང་གིས་གོང་གི་སྐད་ཆ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ཐཱ་ལེ་པན་གྱིས་བྱང་ཕྱོགས་ས་ཁུལ་གྱི་ཞིང་ཆེན་དག་ལ་དཔུང་འཇུག་བྱེད་པར་འགོག་རྒོལ་བྱེད་ཆེད། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཚེས་བཅུ་གཅིག་ཉིན་བྱང་ཕྱོགས་ཀྱི་པཱ་ཨར་ཧི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་རུ་སོང་ཞིང་བདེ་འཇགས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྲིད་གཞུང་དམག་དཔུང་དང་ས་གནས་དྲག་ཆས་སྟོབས་ཤུགས་ཀྱིས་མཉམ་དུ་ཐཱ་ལེ་པན་ལ་འགོག་རྒོལ་བྱེད་པར་གྲོས་བསྡུར་དང་མཐུན་སྦྱོར་བྱས། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཅཱ་ནེ་ཡིས་ཨ་ལི་ཀྲ་དབྱེ་སྲིད་གཞུང་དམག་དཔུང་གི་ཇུས་འདོན་དཔོན་པོ་གསར་བར་བསྐོ་འཇོག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།