ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་ཀར་ཚོད་འཛིན་བྱ་ཆེད་ན་སྨི་པི་ཡས་རི་སྐྱེས་གླང་ཆེན57ཕྱིར་བཙོང་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ན་སྨི་པི་ཡའི་ཁོར་ཡུག་དང་ནགས་ལས། ཡུལ་སྐོར་པུའུ་ཡིས་ཚེས11ཉིན་བཤད་རྒྱུར། ན་སྨི་པི་ཡས་རིམ་བཅག་ཚོང་སྒྱུར་བྱས་པ་བརྒྱུད། རི་སྐྱེས་གླང་ཆེན57ཕྱིར་བཙོང་བྱས།

ན་སྨི་པི་ཡའི་ཁོར་ཡུག་དང་ནགས་ལས། ཡུལ་སྐོར་པུའུ་ཡི་མགྲིན་ཚབ་པ་ལའོ་སྨི་ཨོ་མུའུ་ཡུང་ཏཱ་ཡིས་བཤད་རྒྱུར། རིམ་བཅག་ཚོང་སྒྱུར་ཁྲོད་ཀྱི་གླང་ཆེན15མུ་མཐུད་དུ་ན་སྨི་པི་ཡར་འཇོག་པ་དང་། དེ་ལས་གླང་ཆེན42ཕྱིར་གཏོང་བྱེད་རྒྱུ་རེད། རི་སྐྱེས་གླང་ཆེན་འཛིན་བཟུང་གི་བྱ་བ་དེ་ཟླ་འདི་ནས་བཟུང་མགོ་བརྩམས་པ་དང་། ཐོ་འགོད་བྱས་པའི་རི་དྭགས་རྔོན་ཚོང་གི་ཚོང་གཉེར་པས་ལས་སྒྲུབ་བྱེད་པ་ཡིན་ལ། ཁོར་ཡུག་པུའུ་ཡིས་ལྟ་སྐུལ་བྱེད་རྒྱུ་ཡིན་ཟེར།

མུའུ་ཡུང་ཏཱ་ཡིས་བཤད་རྒྱུར། གླང་ཆེན་རིམ་བཅག་ཚོང་སྒྱུར་བྱས་པའི་དམིགས་ཡུལ་ནི་དམིགས་བསལ་ས་ཁུལ་གྱི་རི་སྐྱེས་གླང་ཆེན་གྲངས་ཀ་ཚོད་འཛིན་བྱས་ཏེ། མི་དང་གླང་ཆེན་བར་གྱི་འགལ་བ་ཉུང་དུ་གཏོང་བ་དེ་ཡིན་ལ། རིམ་བཅག་ཚོང་སྒྱུར་བྱས་པའི་མ་དངུལ་དེ་ན་སྨི་པི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་། མི་དང་རི་སྐྱེས་སྲོག་ཆགས་ཀྱི་འགལ་བ་དོ་དམ་སོགས་ཀྱི་ཐད་བཀོལ་རྒྱུ་ཡིན་ཟེར། 

གཞུང་ཕྱོགས་ཀྱི་གྲངས་ཀ་ལྟར་ན། ན་སྨི་པི་ཡའི་གླང་ཆེན་གྱི་གྲངས་ཀ་དེ1995ལོའི7500ལྷག་ནས2019ལོའི་ཧ་ལམ་ཁྲི2.4ལ་འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།