ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡའི་ནགས་ཚལ་མེ་སྐྱོན་གྱིས་མི65རྐྱེན་ལམ་དུ་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡས་བསྒྲགས་པའི་གསར་འགྱུར་ལྟར་ན། ཨར་ཅི་རི་ཡའི་བྱང་ཕྱོགས་ས་ཁུལ་གྱི་ནགས་ཚལ་མེ་སྐྱོན་གྱིས་ད་ལྟ་མི65རྐྱེན་ལམ་དུ་ཤོར་ཟེར། ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་གྱིས་ཚེས11ཉིན་བཤད་པ་ལྟར་ན། ཚེས12ཉིན་ནས་བཟུང་རྐྱེན་ལམ་དུ་ཤོར་མཁན་ལ་དུས་ཡུན་ཉིན3གྱི་རྒྱལ་ཡོངས་མྱ་ངན་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ཨར་ཅི་རི་ཡའི་གསར་འགྱུར་ཁང་གིས་ཚེས11ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། བྱང་ཕྱོགས་ས་ཁུལ་གྱི་མངའ་སྡེ17དུ་ཚེས9ཉིན་ནས་བཟུང་མེ་སྐྱོན་ཐེངས116བྱུང་བ་དང་། ད་ལྟ་མི65རྐྱེན་ལམ་དུ་ཤོར་ཞིང་། དེའི་ཁྲོད་མང་ཚོགས37དང་དམག་མི28འདུ་ཞིང་། དེ་ལས་གཞན་པའི་མི་བཅུ་ལྷག་ལ་ཚད་རིམ་མི་འདྲ་བའི་རྨས་ཕོག ཚེས11ཉིན་གྱི་སྔ་དྲོའི་བར་དུ་མེ་སྐྱོན69ལ་ཚོད་འཛིན་ཐུབ་མེད།

ཨར་ཅི་རི་ཡའི་ནང་སྲིད་པུའུ་ཀྲང་པའེ་ལི་ཀྲུའུ་ཏི་ཡིས་ཚེས10ཉིན་སྨྱན་བྱད་ལ་བསྟན་དོན། སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་མྱུར་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བསྟན། བྱང་ཕྱོགས་མངའ་སྡེ་མང་ཆེ་བར་དུས་མཚུངས་སུ་གཞི་ཁྱོན་ཆེ་བའི་ནགས་ཚལ་མེ་སྐྱོན་བྱུང་ཞིང་། རྒྱུ་མཚན་ནི་མི་འགའ་ཤས་ཀྱིས་ཚ་བ་ཆེ་བའི་གནམ་གཤིས་ལ་བརྟེན་ནས་ནག་ཉེས་བཟོས་པ་ཡིན་ལ། ནང་སྲིད་པུའུ་ཡིས་ཆེད་མཁས་པ་མངགས་ནས་འབྲེལ་ཡོད་ས་ཁུལ་དུ་རྟོག་ཞིབ་དུ་བྱེད་བཞིན་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།