ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡར་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་ཉུང་མཐའ་ཡང་མི42རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡའི་བྱང་ཕྱོགས་ས་ཁུལ་དུ་ཚེས9ཉིན་ནགས་ཚལ་མེ་སྐྱོན་མང་པོ་བྱུང་བ་དང་། ཚེས10ཉིན་བར་མེ་སྐྱོན་གྱིས་མི42རྐྱེན་ལམ་དུ་ཤོར་བ་དང་། མི10ལྷག་ལ་རྨས་ཕོག

ཨར་ཅི་རི་ཡའི་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཨར་ཅི་རི་ཡའི་བྱང་ཕྱོགས་ཀྱི་མངའ་སྡེ་མང་པོར་ཚེས9ཉིན་ནགས་ཚལ་མེ་སྐྱོན་བྱུང་བ་དང་། ཨར་ཅི་རི་ཡའི་སྲིད་གཞུང་གིས་མེ་གསོད་མེ་འགོག་པ་དང་དམག་དཔུང་མངགས་ནས་མེ་བསད། ད་ལྟའི་བར་དུ། མེ་སྐྱོན་གྱིས་མང་ཚོགས17རྐྱེན་ལམ་དུ་བཏང་བ་དང་། དམག་མི25མེ་གསོད་དང་མྱུར་སྐྱོབ་བྱེད་པའི་སྐབས་སུ་རྐྱེན་ལམ་དུ་ཤོར་ཞིང་།གཞན་དམག་མི20ལ་ཚད་གཞི་མི་འདྲ་བའི་རྨས་ཕོག 

ཨར་ཅི་རི་ཡའི་ནང་སྲིད་པུའུ་ཀྲང་པའེ་ལི་ཀྲུའུ་ཏི་ཡིས་ཚེས10ཉིན་སྨྱན་བྱད་ལ་བསྟན་དོན། སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་མྱུར་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བསྟན། བྱང་ཕྱོགས་ཀྱི་མངའ་སྡེ་མང་ཆེ་བར་དུས་མཚུངས་སུ་གཞི་ཁྱོན་ཆེ་བའི་ནགས་ཚལ་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ནི་མི་འགའ་ཤས་ཀྱིས་ཚ་བ་ཆེ་བའི་གནམ་གཤིས་ལ་བརྟེན་ནས་མེ་སྐྱོན་ནག་ཉེས་བཟོས་པ་དང་། ནང་སྲིད་པུའུ་ཡིས་ཆེད་མཁས་པ་མངགས་ནས་འབྲེལ་ཡོད་ས་གནས་སུ་རྟོག་ཞིབ་བྱེད་བཞིན་ཡོད་ཞེས་བསྟན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།