ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་གནོན་ཤུགས་སྟེར་བའི་སྲིད་ཇུས་བསྒྱུར་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་དགུ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡི་སྲིད་འཛིན་སྐབས་ཀྱི་དབྱི་ལིང་ལ་གནོན་ཤུགས་སྟེར་བའི་སྲིད་ཇུས་དེ་བསྐྱུར་དགོས་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐི་ལིང་ཕུའུ་སྲིད་གཞུང་གིས་ལག་བསྟར་བྱས་པའི་དབྱི་ལིང་ལ་གནོན་ཤུགས་དྲག་པོ་སྟེར་བའི་སྲིད་ཇུས་ལ་ཕམ་ཉེས་བྱུང་ཡོད་པ་དང་། ཨ་མེ་རི་ཁས་དངོས་ཡོད་ལ་རྒྱུས་ལོན་གསལ་བོ་བྱས་ཏེ་བྱེད་ཐབས་དེ་བཅོས་བསྒྱུར་བྱེད་དགོས། དེ་ལྟ་མིན་ཚེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་གྲོས་མོལ་སླར་གསོ་བྱེད་པར་ཕན་ཐོགས་འབྱུང་མི་སྲིད། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་ལ། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དང་མི་འཚམ་པའི་ནང་དོན་གང་རུང་དང་ལེན་བྱེད་མི་སྲིད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལིང་གིས་ནེ་ཀི་གསར་བ་རྩ་འཛུགས་བྱེད་བཞིན་ཡོད་ཀྱང་། ཝེ་ཡེ་ནཱ་རུ་སྤེལ་བའི་ཆིངས་ཡིག་སླར་གསོའི་གྲོས་མོལ་ཡང་བསྐྱུར་མི་སྲིད་ཟེར། དབྱི་ལིང་གི་ཙུང་ཐུང་གསར་བ་ལའེ་ཞེ་ཡིས་གསལ་བོར་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་དང་འབྲེལ་བའི་གྲོས་མོལ་གང་རུང་ལ་དགའ་བསུ་ཞུ་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།