ཀྲུང་གོ་བོད་ཀྱི་དྲ་བ།

ལྗར་པན་གྱི་ཏུན་ཅིང་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཟླ8པའི་ཚེས8ཉིན་གྱི་དགོང་མོར། ཨོ་རྩལ་གྱི་མེ་དཔུང་དལ་གྱིས་ཞི་བ་དང་མཉམ་ཏུ། སྐབས32པའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཏུང་ཅིན་ཞིན་གོ་ལི་འགྲན་རའི་ས་སྲོད་ཀྱི་སྨག་རིམ་ཁྲོད་མཇུག་སྒྲིལ་བ་རེད།

ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ནི་ཆེས་ཁྱད་པར་བ་ཞིག་ཡིན་ཏེ། པྲོག་གསར་གློ་ཚད་ནད་དུག་གི་ཤུགས་རྐྱེན་འོག འགྲན་ཚོགས་ལོ་གཅིག་ཕྱིར་འགྱངས་བྱས། ནད་དུག་གི་རྐྱེན་གྱིས་འགྲན་སྡུར་མང་པོ་ཞིག་ལ་ལྟད་མོ་བ་མེད།

འོན་ཀྱང་། ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ནི་སྔར་བཞིན་བརྗེད་ཐབས་མེད་པ་ཞིག་ཡིན་ཏེ། བརྙན་འཕྲིན་དང་སྨྱན་བྱད་མང་པོས་ཁྱབ་བརྡལ་དང་བརྒྱུད་བསྒྲགས་འོག ལུས་རྩལ་འགྲན་བསྡུར་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང་། མཐུན་སྒྲིལ་མཛའ་མཐུན་གྱི་དྲོད་ཁོལ་འཛམ་གླིང་ཀུན་ལ་ཁྱབ་པ་དང་། ལྟད་མོ་བ་ས་ཡ་འགའི་ཡིད་དབང་བཀུགས་ཡོད།

འགྲན་ཚོགས་མཇུག་བསྡུ་བའི་བྱེད་སྒོའི་ཁྲོད། ཨོ་རྩལ་འགྲན་ཚོགས་ཀྱི་དར་ཆ་དང་བཅས། ལུས་རྩལ་འཐུས་ཚབ་རུ་ཁག206གི་ལུས་རྩལ་པ་རྣམས་རིམ་པ་བཞིན་གར་སྟེགས་སྟེང་དུ་སླེབས་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད། སྐར་ཆ9.83ཡིས་ཡ་གླིང་གི་སྐྱེས་པའི་སྨི100རྒྱུག་འགྲན་གྱི་ཟིན་ཐོ་བརྒལ་བའི་ལུས་རྩལ་པ་སུའུ་པིན་ཐེན་གྱིས་ཀྲུང་གོའི་དར་ཆ་འཛིན་མཁན་གྱི་ཚབ་བྱས་ཏེ། སྐར་ལྔའི་དར་དམར་མཐོ་རུ་བསྒྲེངས་ཏེ་ཚོགས་རར་ཞུགས།

8.jpg

ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ནི་ཀྲུང་གོའི་གཟི་བརྗིད་ལྡན་པའི་འགྲན་ཚོགས་ཤིག་ཡིན་ཏེ། ཀྲུང་གོའི་ལུས་རྩལ་མི་སྣས་གསེར་གྱི་རྟགས་མ38དང་། དངུལ་གྱི་རྟགས་མ32། ཟངས་ཀྱི་རྟགས་མ18བཅས་བསྡོམས་པས་རྟགས་མ88བླངས། རྨི་ལམ་རུ་ཁག་ནས་མཆོང་རྒྱུག་འགྲན་བསྡུར་གྱི་འགྲན་བསྡུར་སོ་སོས་ཀྲུང་གོའི་གཟི་ཉམས་མངོན་པར་མཚོན་ཡོད། ཐོལ་བརྒལ་རེ་རེ་ནི་ནམ་ཡང་བསུབ་ཏུ་མེད་པའི་མཛད་རྗེས་ཡིན།

རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ཡིས་མཇུག་བསྡུའི་མཛད་སྒོའི་ཁྲོད་བཤད་རྒྱུར། རིམས་ནད་བྱུང་བའི་ཚུན། འདི་ནི་ཐེངས་དང་པོར་འཛམ་གླིང་ཡོངས་མཉམ་དུ་འདུས་ཏེ། མི་ས་ཡ་འགས་དགའ་སྐྱིད་དང་སྐུལ་སློང་གི་སྐད་ཅིག་མ་རེ་རེ་ཉམས་སུ་མྱང་ཞིང་། འདིས་ང་ཚོར་རེ་བ་སྦྱིན་ལ། ང་ཚོར་མ་འོངས་བའི་དད་འདུན་ཡང་བསྩལ་ཡོད།

ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ནི་ནམ་ཡང་ཉམས་པ་མེད། ཏུང་ཅིང་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་བསྟུན་ནས། ལོ་ཕྱེད་རྗེས་ཀྱི2022ལོའི་པེ་ཅིང་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་ང་ཚོར་རེ་ལྟོས་ཀྱིས་ཁེངས་ཡོད།

14.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།