ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིར་པྲོག་གསར་ནད་པ་ཁྲི3575ལས་བརྒལ་བ་དང་ཤི་བའི་ནད་པ་ཁྲི61.6ལས་བརྒལ་ཡོད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རི་ཡའོ་ཧན་སི་ཧའོ་ཕུའུ་ཅིང་སི་སློབ་ཆེན་གྱིས་བསྒྲགས་པའི་གོ་ལ་ཧྲིལ་བོའི་པྲོག་གསར་རིམས་ནད་གཞི་གྲངས་ཀྱི་བསྡོམས་རྩིས་མ་ལག་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད2021ལོའི་ཟླ8པའི་ཚེས8ཉིན་གྱི་ཆུ་ཚོད4བར་དུ། ཨ་རི་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ35757980ལ་སླེབས་ཤིང་། ཤི་བའི་ནད་པ616816ལ་སླེབས་ཡོད། འདས་པའི་ཆུ་ཚོད24རིང་། ཨ་རིར་པྲོག་གསར་ནད་པ27420འཕར་བ་དང་ཤི་བའི་ནད་པ106འཕར་ཡོད།

ཨ་རིའི་འཕྲོད་བསྟེན་པུའུ་ཡི་གཞི་གྲངས་ལྟར་ན། མིག་སྔར་ཨ་རིར་བསྡོམས་པས་པྲོག་གསར་གློ་ཚད་ནད་པ་ཁྲི6.6སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་བཞིན་ཡོད་པ་དང་། འདི་ནི་ཟླ2པའི་ཚུན་གྱི་ཆེས་མཐོའི་གྲངས་ཀ་རེད། གསར་དུ་འཕར་བའི་པྲོག་གསར་གློ་ཚད་ནད་པ་དག་ནི་ཧྥོ་ལོ་ལི་ཏ་མངའ་སྡེ་དང་ཏི་ཁུ་ས་སི་མངའ་སྡེ་སོགས་ནས་ཡོང་བ་རེད། འདས་པའི་གཟའ་འཁོར་གཅིག་གི་རིང་། ཨ་རིར་ཉིན་རེའི་པྲོག་གསར་གློ་ཚད་ནད་པ་ཆ་སྙོམས་ཀྱིས་མི་ཁྲི10ཡན་འཕར་བ་དང་། དེ་ཟླ7པའི་ཟླ་མགོའི་གཞི་གྲངས་ལས་ལྡབ9འཕར་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།