ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་ནང་བློན་ཁང་བཅོས་སྒྲིག་བྱ་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་ཡིས་ནང་བློན་ཁང་ལ་གཞི་ཁྱོན་ཆེ་བའི་བཅོས་སྒྲིག་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། དེར་སྡེ་ཁག་འགའ་བཤིག་གཏོར་དང་ཟླ་སྒྲིལ་གཏོང་བ་དང་། པུའུ་ཀྲང་གསར་པ10བསྐོ་འཇོག་བྱེད་པ་སོགས་ཚུད་ཡོད།

ལཱ་མ་ཧྥུའུ་ས་ཡིས་དེ་ཉིན་དགོང་མོའི་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་ཁྲོད་བསྟན་དོན། མིག་སྔར། ཨ་ཧྥེ་རི་ཁ་ལྷོ་མ་པྲོག་གསར་རིམས་འགོག་སྨན་ཁབ་གང་མགྱོགས་སྒོས་རྒྱག་པ་དང་། ཟིང་ཆའི་རྗེས་ཀྱི་ཞི་བདེ་དང་བརྟན་བརླིང་ལ་འགན་ལེན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་འགྲན་སློང་མང་པོར་འཕྲད་ཡོད། དེར་བརྟེན། ཁོང་གིས་ནང་བློན་ཁང་ལ་ལེགས་སྒྲིག་བྱས་ཏེ་སྲིད་གཞུང་གིས་འགྲན་སློང་དེ་དག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ་གཏན་འབེབས་བྱས། དེའི་ཁྲོད་སྡོད་གནས་དང་ཆུ་བེད། སྤྱི་པའི་འཕྲོད་བསྟེན་པུའུ་བཤིག་གཏོར་བྱས་ཏེ་སྡོད་གནས་པུའུ་དང་། ཆུ་བེད་དང་སྤྱི་པའི་འཕྲོད་བསྟེན་པུའུ་གཉིས་སུ་བསྒྱུར་བ་དང་། རྒྱལ་ཁབ་བདེ་འཇགས་པུའུ་མེད་པར་བཟོས་ནས་ཙུང་ཐུང་ལས་ཤག་གི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་ཁོངས་སུ་ཟླ་སྒྲིལ་བྱས་ཡོད།

ཟླ7པའི་ཟིང་ཆའི་དོན་རྐྱེན་སླར་མི་བྱུང་བའི་ཆེད་དུ། ལཱ་མ་ཧྥུའུ་ས་ཡིས་ད་དུང་ཆེད་དོན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཨ་ཧྥེ་རི་ཁ་ལྷོ་མའི་སྤྱི་པའི་བདེ་འཇགས་ཐད་གནས་པའི་གནད་དོན་ལ་ལྟ་ཞིབ་དང་བསམ་འཆར་གྲོས་མགོ་འདོན་པའི་འགན་སྤྲད་པ་ཁྱབ་བསྒྲགས་བྱས། ལཱ་མ་ཧྥུའུ་ས་ཡིས་དེ་དང་ཆབས་གཅིག་པུའུ་ཀྲང10དང་པུའུ་ཀྲང་གཞོན་པ10བསྐོ་འཇོག་བྱས། དེའི་ཁྲོད་ཙུང་ཐུང་ལས་ཤག་གི་པུའུ་ཀྲང་དང་འཕྲོད་བསྟེན་པུའུ་ཀྲང་། ནོར་སྲིད་པུའུ་ཀྲང་། རྒྱལ་སྲུང་པུའུ་ཀྲང་སོགས་ཚུད་ཡོད། གཞན་ཁོང་གིས་ད་དུང་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་ས་གསར་པ་ཞིག་ཀྱང་བསྐོ་གཞག་བྱས། 

ད་ལོའི་ཟླ7པར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཟུར་པ་ཙུའུ་མ་བཙོན་དུ་བཅུག་པས་ས་ཆ་མང་པོར་ཟིང་ཆ་འཁྲིགས་ནས་མི200ལྷག་རྐྱེན་ལམ་དུ་ཤོར་བ་རེད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།