ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ལའེ་ཡིས་ཨེ་རུའེ་ཝན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབར་མའི་གནད་དོན་གྱི་ཆེད་མངག་ཕོ་ཉར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བཞི་ཉིན་བསྒྲགས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་སྐབས་ང་བཞི་བའི་མཉམ་འབྲེལ་སྤྱི་བསྒྲགས་ལྟར་ན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་མོས་ཀྲུའུ་ཞི་རྒྱལ་ཁབ་ཝུན་ལའེ་ཡིས་ཕྱི་འབྲེལ་ཆེད་བསྐོས་པུའུ་ཀྲང་ཨེ་རུའེ་ཝན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབར་མའི་གནད་དོན་ཐད་ཀྱི་ཆེད་མངག་ཕོ་ཉར་བདམས།

སྤྱི་བསྒྲགས་ནང་བཤད་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་པུའུ་ཀྲང་གིས་འབར་མའི་གནས་བབ་ཀྱི་ཆེས་གསར་བའི་གནས་ཚུལ་ཐད་ནས་གྲོས་སྡུར་བྱས་པ་མ་ཟད། འབར་མས་དུས་ཐོག་དང་ཁྱོན་ཡོངས་ནས་ད་ལོའི་ཟླ་བཞི་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་དམིགས་བསལ་གྲོས་ཚོགས་སྐབས་སུ་འབར་མའི་གནས་བབ་ཐད་ནས་བྱུང་བའི་ཐུན་མོང་གི་ལྟ་བ་ལྔ་ལག་བསྟར་བྱེད་པར་ཤུགས་འདོན་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། ཨེ་རུའེ་ཝན་གྱིས་འབར་མ་དང་འབྲེལ་ཡོད་ཕྱོགས་སོ་སོའི་བར་ཡིད་ཆེས་འཛུགས་པའི་ཐད་ནས་གྲོས་མོལ་བྱས་པ་མ་ཟད། ཐུན་མོང་གི་ལྟ་བ་ལྔ་ལག་བསྟར་བྱེད་པའི་དུས་ཚོད་རེའུ་མིག་གཏན་ཁེལ་གསལ་བོ་བྱེད་རྒྱུ་རེད་ཟེར།

འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཆ་འཕྲིན་སྤེལ་ནས། འབར་མ་ཨེ་ཤ་ཡ་ཤར་ལྷོ་བསྐོ་གཞག་དེར་འཐད་པ་བྱུང་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།