ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་གྲོས་ཁང་གི་གྲོས་མིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འབྱུང་ཁུངས་ཐད་ཀྱི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཟླ་བརྒྱད་པའི་ཚེས་གསུམ་ཉིན།    ཨ་མེ་རི་ཁའི་གྲོས་ཁང་གི་གྲོས་མིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འབྱུང་ཁུངས་ཐད་ཀྱི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

མགྲིན་ཚབ་པས་བསྟན་དོན།    འབྲེལ་ཡོད་སྙན་ཞུ་དེ་ནི་རྫུན་གཏམ་དང་འཁྱོག་བཤད་ཁོ་ན་ཡིན་པ་དང་།  དེར་གཞི་འཛིན་ས་ཅི་ཡང་མེད་ལ།   ཡིད་རྟོན་བྱེད་རིན་མེད་པ་དང་ཚན་རིག་རང་བཞིན་གླེང་ཐབས་མེད།   ཨ་མེ་རི་ཁའི་འབྲེལ་ཡོད་གྲོས་ཁང་གི་གྲོས་མིའི་བྱ་སྤྱོད་དེ་ནི་ཆབ་སྲིད་སྒེར་ཕན་ཁོ་ནར་དམིགས་ཏེ་ཀྲུང་གོར་དམའ་འབེབས་བྱས་པ་ཡིན་ལ།     ཁོ་ཚོའི་དེ་ལྟ་བུའི་ཀུན་སྤྱོད་ཀྱི་ཚད་ཐིག་མེད་པའི་སྤྱོད་ངན་དེ་ལ་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་འཛུགས་དྲག་པོ་བྱས་པ་ཡིན་ཟེར།

མགྲིན་ཚབ་པས་བསྟན་དོན།   ད་ལོའི་ཟླ་གཉིས་པར།  ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འབྱུང་ཁུངས་ཞིབ་འཇུག་བྱེད་པའི་མཉམ་འབྲེལ་ཆེད་མཁས་ཚན་ཆུང་ཝུའུ་ཧན་ནད་དུག་ཞིབ་འཇུག་ཁང་དུ་སོང་ནས།  ཞིབ་འཇུག་ཁང་གི་ཚན་རིག་པ་དང་མཉམ་དུ་ཚན་རིག་གི་བརྗེ་རེས་གཏིང་ཟབ་བྱས་པ་དང་།   ཆེད་མཁས་ཚན་ཆུང་གིས་ཞིབ་འཇུག་ཁང་གི་སྒོ་འབྱེད་དང་ཕྱི་གསལ་ནང་གསལ་ལ་གདེང་འཇོག་ཚད་མཐོན་པོ་བྱས།   ཚོད་ལྟ་ཁང་གིས་ཕྱིར་བསྒྲགས་བྱས་པ་དེ་ནི་ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུའི་སྡོམ་ཚིག་གཙོ་བོ་མིན་ཟེར།

མགྲིན་ཚབ་པས་བསྟན་དོན།   ཉིས་སྟོང་གསུམ་ལོར།   ཨ་མེ་རི་ཁས་འདག་ཕྱེ་ཞིག་དཔང་རྟགས་སུ་བྱས་ནས་དབྱི་རག་ལ་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་ཡོད་པར་སྐྱོན་འཛུགས་བྱས་པ་རེད།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་རྐྱེན་དེའི་རིགས་ཡང་བསྐྱར་འབྱུང་དུ་འཇུག་མི་རུང་ཟེར།

མགྲིན་ཆབ་པས་བཤད་རྒྱུར།   ངེས་པར་དུ་བཤད་དགོས་པ་ཞིག་ལ། ཨ་མེ་རི་ཁས་ནད་དུག་འབྱུང་ཁུངས་གི་གནད་དོན་སྤྱད་ནས་ཆབ་སྲིད་ཀྱི་སྦྱོར་བ་སྤེལ་བའི་བྱེད་ཐབས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་བཞིན་ཡོད།  མིག་སྔའི་བར།   རྒྱལ་ཁབ་བདུན་ཅུ་ཡིས་གསལ་བསྒྲགས་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ནད་དུག་འབྱུང་ཁུངས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་།  ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུར་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱེད་བཞིན་ཡོད་པ་དང་།  དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་མཚོན་པར་བྱས་ཡོད་ལ།  ཨ་མེ་རི་ཁས་ལུགས་མཐུན་དྲང་གཞག་གི་འབོད་སྒྲ་དེ་དག་ལ་ཉན་འོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།