ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་ཚབ་ཚོགས་པས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཅིག་བདུན་གཅིག་བརྒྱད་ཨུ་ལྷན་གྱི་ཆེད་དོན་བྱ་བའི་ཚན་ཆུང་གིས་སྙན་ཞུའི་གསང་བ་ཡང་བསྐྱར་ཕྱིར་ཤོར་དུ་བཅུག་པའི་ཐད་ལ་ཡིད་མི་ཚིམ་པ་དང་དོ་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པས་ཚེས་བཞི་ཉིན།     བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཅིག་བདུན་གཅིག་བརྒྱད་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བྱ་བའི་ཚན་ཆུང་གིས་སྙན་ཞུའི་གསང་བ་ཡང་བསྐྱར་ཕྱིར་ཤོར་དུ་བཅུག་པའི་ཐད་ལ་ཡིད་མི་ཚིམ་པ་དང་དོ་ཁུར་བྱེད་པའི་ཚུལ་བསྟན།

མགྲིན་ཚབ་པས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་གཅིག་བདུན་གཅིག་བརྒྱད་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བྱ་བའི་ཚན་ཆུང་གིས་འཆར་འགོད་བྱས་པའི་ཉིས་སྟོང་ཉི་ཤུའི་དུས་སྐབས་བར་མའི་སྙན་ཞུའི་གསང་བ་སྨྱན་བྱད་ལ་ཤོར་བ་དང་།  སྨྱན་བྱད་མི་ཉུང་བ་ཞིག་གིས་དོན་དངོས་དང་མི་མཐུན་པའི་འུད་སྒྲོག་བྱས་པའི་ཐད་ལ་ཡིད་མི་ཚིམ་པ་དང་དེར་དོ་ཁུར་བྱེད་བཞིན་ཡོད།   དེའི་སྔོན།   ཆེད་དོན་བྱ་བའི་ཚན་ཆུང་དེར་ཐེངས་མང་པོར་སྙན་ཞུའི་གསང་བ་ཕྱིར་ཤོར་བའི་གནད་དོན་བྱུང་མྱོང་བ་དང་།  ཀྲུང་གོ་དང་བཅས་པའི་རྒྱལ་ཁབ་མང་པོས་དེར་དོ་ཁུར་བྱེད་བཞིན་ཡོད།  ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་གནད་དོན་དེར་ལྟ་སྟངས་ནན་མོབཟུང་ནས།  རིགས་དེ་མཚུངས་ཀྱི་གནད་དོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་ཡིན།

མགྲིན་ཚབ་པས་བཤད་རྒྱུར།   ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ལས་འཛིན་ཀྱི་ཁྲའོ་ཞན་དང་འབྲེལ་བའི་ཇུས་ཆོད་ཁྱོན་ཡོངས་དང་གཟབ་ནན་སྒོས་ལག་བསྟར་བྱེད་བཞིན་ཡོད་པ་དང་།    རང་སྟེང་གི་རྒྱལ་སྤྱིའི་ལས་འགན་ལག་བསྟར་ནན་མོ་བྱས་ཏེ།   གྱོང་གུད་ཆེན་པོ་ཁུར་མྱོང་བ་དང་།     བློས་གཏོང་མང་པོ་བྱས་མྱོང་།    ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱེད་གླིང་གྲོས་མོལ་གྱི་ཞི་བའི་རྣམ་པ་མངོན་འགྱུར་བྱེད་པར་ཤུགས་སྣོན་པ་དང་།    ཕྱེད་གླིང་གནད་དོན་ཆབ་སྲིད་ལྟར་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་དང་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།