ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཐུ་ནི་སི་ལ་རོགས་བྱེད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྐོར་དང་པོ་ཐུའུ་ཉི་སི་རུ་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་རོགས་སྐྱོར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་སྨན་རྫས་གཞན་པ་དྲུད་པའི་ཐུ་ནི་སི་ཡི་དམག་དོན་གནམ་གྲུ་ཚེས་གཉིས་ཉིན་གྱི་སྔ་དྲོར་ཐུའུ་ཉི་སི་ཡི་རྒྱལ་ས་ཐུ་ནི་སི་རུ་འབྱོར་བ་དང་།    ཐུ་ནི་སི་ཡི་ཕྱི་འབྲེལ་པུའུ་ཀྲང་ཅ་ལན་ཏི་དང་རྒྱལ་སྲུང་པུའུ་དམག་དོན་སོ་སྲུང་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཧྥེར་ཅ་ཉི།  དེ་མིན་ཀྲུང་གོའི་ཐུའུ་ཉི་སི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཀྲང་ཅན་ཀོ་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།

ཅ་ལན་ཏི་ཡིས་ཀྲུང་གོས་ཐེངས་མང་པོར་ཐུ་ནི་སི་ལ་སྨན་བཅོས་དངོས་རྫས་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།  ཁོས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་ཀྲུང་གོས་ཐེངས་མང་པོར་ཐུ་ནི་སི་ལ་འགོག་སྨན་དང་དངོས་རྫས་གཞན་པ་འདོན་སྤྲོད་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་ཡོད་ཅེས་ནན་གྱིས་བསྟན།

ཧྥེར་ཅ་ཉི་ཡིས་བཤད་རྒྱུར།    ཐུ་ནི་སི་ཡི་མིག་སྔའི་རིམས་ནད་གནས་ཚུལ་ཛ་དྲག་ཡིན་པའི་གནད་འགག་དུས་སྐབས་སུ།  སྐོར་འདིའི་ཀྲུང་གོའི་འགོག་སྨན་ཀྱིས་ཐུ་ནི་སི་རྒྱལ་ནང་གི་འགོག་སྨན་རྒྱག་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ངེས་ཡིན་ཟེར།

ཀྲང་ཅན་གོ་ཡིས་བསྟན་དོན།  ཀྲུང་གོས་ཐབས་བརྒྱ་ཇུས་སྟོང་གིས་ཐུ་ནི་སི་ལ་རོགས་བྱས་ཏེ་རིམས་ནད་འགོག་སྲུང་འཛིང་རགས་འཛུགས་ངེས་པ་དང་།    ལྷག་བསམ་རྣམ་དག་གིས་ཐུ་ནི་སི་ཡིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།