ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་རིང་ལུགས་པ་གྱ་དགུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་གཅིག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མིག་སྔའི་ཆར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་པའེ་ཞིས་ནེ་ཞིང་ཆེན་གྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་ལས་འགུལ་ཁྲོད་དུ་འཇིགས་སྐུལ་རིང་ལུགས་པ་གྱ་དགུ་བསད་ཟེར།

གསལ་བསྒྲགས་ལས་བཤད་དོན། བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་དུ་འགས་གཏོར་སྒྲིག་ཆས་བཞི་བརྒྱ་བཞི་རྩ་མེད་དུ་བཏང་བ་དང་། མེ་མདའ་དོན་གསུམ་དང་རླངས་འཁོར་ང་གཉིས་འཕྲོག་ཟེར། གསལ་བསྒྲགས་ཁྲོད་ཐེངས་འདིའི་འགུལ་སྐྱོད་ཀྱི་ཞིབ་ཕྲའི་ཟླ་ཚེས་བཤད་མེད།

ཉེ་བའི་ལོ་འདི་དག་གི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་གནས་སྟངས་ཛ་དྲག་ཡིན། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་འཇིགས་སྐུལ་ལ་རྒོལ་བའི་སྦྱོར་བ་ཐེངས་དུ་མར་སྤེལ་ཏེ། ཉུང་མཐར་ཡང་འཇིགས་སྐུལ་རིང་ལུགས་པ་སྟོང་གཅིག་ལྷག་བསད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།