ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཁན་ཏཱ་ཧ་རྒྱལ་སྤྱིའི་གནམ་ཐང་ལ་མེ་ཤུགས་འཕུར་མདས་འཇབ་རྒོལ་བྱས་པར་བརྟེན་གནམ་གྲུ་འཕུར་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་དཔོན་དམག་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསང་བ་བརྟོལ་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་རྒྱུད་ཀྱི་ཁན་ཏཱ་ཧ་རྒྱལ་སྤྱིའི་གནམ་ཐང་ལ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོ་ཐ་ལིས་པན་གྱི་མེ་ཤུགས་འཕུར་མདས་འཇབ་རྒོལ་བྱས་པར་རྐྱེན་བྱས་ཏེ། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་གནམ་གྲུ་འཕུར་མཚམས་བཞག་ཡོད་ཟེར།

ཁན་ཏཱ་ཧ་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་དཔོན་དམག་ཅིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐ་ལིས་པན་གྱི་དྲག་ཆས་མི་སྣས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོའི་ཆར་ཁན་ཏཱ་ཧ་རྒྱལ་སྤྱིའི་གནམ་ཐང་ལ་མེ་ཤུགས་འཕུར་མདའ་གསུམ་འཕངས་པའི་ཁྲོད་ཀྱི་མེ་ཤུགས་འཕུར་མདའ་གཉིས་གནམ་ཐང་གི་གནམ་གྲུའི་འཕུར་ལམ་དུ་ཕོག་ལ། མིག་སྔར་གནམ་གྲུའི་འཕུར་ལམ་བསྐྱར་ལས་བྱེད་ཀྱིན་ཡོད་ཅིང་། གནམ་ཐང་གིས་མི་འགྱུངས་པར་གནམ་གྲུ་གཏོང་ངེས་ཡིན། ཐེངས་འདིའི་འཇབ་རྒོལ་གྱིས་མི་ལ་ཤི་རྨས་མ་བཟོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།