ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁུལ་ཉེར་གསུམ་ལ་བཟའ་འབྲུ་མི་འདང་བའི་གནས་བབ་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པའི་སྙན་ཞུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཉིས་ཀྱིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཉེན་བརྡ་བཏང་ནས་བསྒྲགས་དོན། འཛམ་གླིང་གི་ས་ཁུལ་ཉེར་གསུམ་ལ་མ་འོངས་པིའ་ཟླ་ངོ་གསུམ་གྱི་རིང་ལ་བཟའ་འབྲུ་འདང་ངེས་མིན་པའི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པ་དང་། དེའི་ཁྲོད་ཨེ་ཙི་ཨོ་ཕི་ཡའི་ཐིས་ཀི་ལའེ་ས་ཁུལ་དང་མ་ཏ་ཅི་ཟི་ཅིའི་ལྷོ་རྒྱུད། ཡེ་མན། སུའུ་ཏན་ལྷོ་མ། ནི་ཀྲེ་རི་ཡའི་བྱང་ཕྱོགས་ས་ཁུལ་བཅས་ཀྱི་གནས་བབ་སྔར་ལས་ཛ་དྲག་གི་གནས་སུ་འགྲོ་ངེས་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་དང་ཞིང་ལས་རྩ་འཛུགས་དང་འཛམ་གླིང་བཟའ་འབྲུ་འཆར་འགོད་ཧྲུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་སྙན་ཞུ་ཕུལ་ནས་བཤད་རྒྱུར། ད་ལོའི་ཟླ་བརྒྱད་པ་ནས་ཟླ་བཅུ་གཅིག་པའི་ནང་བར་དུ། འཛམ་གླིང་གི་ས་ཁུལ་ཉེར་གསུམ་ལ་བཟའ་འབྲུ་མི་འདང་བའི་གནད་དོན་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་ཡིན་ལ། ལྟོགས་སྐོམ་གྱི་གནད་དོན་ཚད་ངེས་ཅན་ཞིག་ནས་བཤད་ན་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་ཡིན་ཟེར།

ས་ཁུལ་ཉེར་གསུམ་ཁྲོད་འགལ་བ་རྒྱུན་ཆད་མེད་པའི་ཨེ་ཙི་ཨོ་ཕི་ཡའི་ཐིས་ཀི་ལའེ་ས་ཁུལ་ནི་ཆེས་སྡུག་ཤོས་ཡིན། སྙན་ཞུ་ལྟར་ན། གལ་ཏེ་དུས་ལྟར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མ་བྱས་པ་ཡིན་ན། ཐིས་ཀི་ལའེ་ས་ཁུལ་དུ་ལྟོགས་སྐོམ་མྱངས་ནས་འཆི་ངེས་པའི་མི་གྲངས་འབུམ་བཞི་དང་སྟོང་གཅིག་ལ་འཕར་ངེས་པ་དང་། གྲངས་ཀ་དེ་ནི་ཉིས་སྟོང་བཅུ་གཅིག་ལོའི་སོ་མ་ལིའི་ལྟོགས་སྐོམ་ལས་ཀྱང་ཚབས་ཆེན་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།