ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཉིན་གཅིག་རིང་གི་པྲོག་གསར་ནད་པའི་ཁ་གྲངས་འབུམ་གཅིག་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནད་རིགས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཁྲོམ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཚེས་སུམ་ཅུ་ཉིན་ཨ་མེ་རི་ཁ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་གཅིག་དང་སྟོང་གཅིག་བརྒྱ་དང་དོན་གཅིག་གསར་དུ་འཕར་ལ། དེས་ད་ལོའི་ཟླ་གཉིས་པའི་ཚེས་བདུན་ཉིན་ཚུན་གྱི་ཉིན་གཅིག་རིང་གི་ནད་པ་ཆེས་མང་པོའི་ཟིན་ཐོ་བསྐྲུན།

ཨ་མེ་རི་ཁའི་ནད་རིགས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཚེས་སུམ་ཅུ་ཉིན་བར་ཉིན་བདུན་རིང་ཆ་སྙོམས་ཉིན་རེར་པྲོག་གསར་རིམས་ནད་འགོས་པའི་ནད་པ་ཁྲི་བདུན་དང་སྟོང་གཉིས་བཞི་བརྒྱ་གོ་གསུམ་ལ་སླེབས་ཡོད་ཅིང་། གྲངས་ཀ་དེའང་ད་ལོའི་ཟླ་གཉིས་པའི་ཟླ་དཀྱིལ་ཚུན་གྱི་ཟིན་ཐོ་རེད།

ཚེས་སུམ་ཅུ་ཉིན། ཨ་མེ་རི་ཁ་ཡོངས་སུ་པྲོག་གསར་ནད་པ་བཞི་བརྒྱ་ང་གཅིག་ཚེ་ལས་འདས་བ་དང་། ཉིན་བདུན་གྱི་རིང་ལ་ཆ་སྙོམས་ཉིན་རེར་མི་སུམ་བརྒྱ་བརྒྱད་ཚེ་ལས་འདས་ཀྱིན་ཡོད་ཅིང་། གྲངས་ཀ་དེ་གཉིས་ཀྱང་ད་ལོའི་ཟླ་དྲུག་པའི་ཟླ་དཀྱིལ་ཚུན་གྱི་ཆེས་མཐོ་བའི་གནས་སུ་སླེབས། ཚེས་ཉེར་དགུ་ཉིན་བར་ཉིན་བདུན་གྱི་རིང་ལ་ཆ་སྙོམས་ཉིན་རེར་སྨན་ཁང་དུ་འདུག་མཁན་སྟོང་དྲུག་དང་དོན་གཅིག་ལ་སླེབས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།