ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་ནུབ་རྒྱུད་ཀྱི་དབྱི་ཝན་ནོ་ཧྥའོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེ་རུ་གནམ་གྲུ་ཆུང་ཆུང་ཞིག་སར་ལྷུང་ནས་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་ཆུང་ཞིག་ཚེས་ཉེར་བརྒྱད་ཉིན་ཝུའུ་ཁི་ལན་ནུབ་རྒྱུད་ཀྱི་དབྱི་ཝན་ནོ་ཧྥའོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེ་ནས་སར་ལྷུང་བ་དང་གནམ་གྲུའི་ནང་གི་མི་བཞི་རྐྱེན་ལམ་དུ་ཤོར།

ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་དྲ་ངོས་སུ་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་དེ་དབྱི་ཝན་ནོ་ཧྥའོ་ལན་ཁི་ཧྥུའུ་སི་ཁི་མངའ་སྡེ་ཡི་ཁི་ལོ་མེ་སི་ཅི་ས་ཁུལ་གྱི་ཡུལ་མིའི་སྡོད་ཁང་ཉེ་འདབས་ཤིག་ཏུ་སར་ལྷུང་ནས་མེ་འབར་བ་དང་། གནམ་གྲུའི་ནང་གི་ཁ་ལོ་བ་གཅིག་དང་ཕྱི་རྒྱལ་གྱི་འགྲུལ་བ་གསུམ་རྐྱེན་ལམ་དུ་ཤོར། དོན་རྐྱེན་བྱུང་སྐབས་ཡུལ་མིའི་སྡོད་ཁང་དུ་མི་མེད་པའི་དབང་གིས་ས་ངོས་ཀྱི་མི་སྣ་ཤི་རྨས་མ་བྱུང་།

མིག་སྔར། ཝུའུ་ཁི་ལན་འབྲེལ་ཡོད་ལས་ཁུངས་ཀྱིས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།