མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པ་ལེ་སི་ཐན་གྱི་མི་ཆོས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་ཚེས་ཉེར་བརྒྱད་ཉིན་བཤད་དོན། དེང་སྐབས་པ་ལེ་སི་ཐན་གྱི་མི་ཆོས་གནས་ཚུལ་མི་ལེགས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པ་ལེ་སི་ཐན་མི་ཆོས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་བ་དང་ཅ་ཧྲ་ས་ཁུལ་གྱི་སླར་གསོ་དང་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཀིན་ཧྲོང་གིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་པ་ལེ་སི་ཐན་མི་དམངས་དང་འབྲེལ་འདྲིས་དམ་པོ་བྱེད་ཀྱིན་ཡོད་ལ། ཐེངས་མང་པོར་རིམས་འགོག་དངོས་རྫས་དང་འགོག་སྨན་སོགས་མི་ཆོས་རོགས་སྐྱོར་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་པ་ལེ་སི་ཐན་གནད་དོན་ཐད་ནས་འབྲེལ་ཡོད་ཕྱོགས་དང་དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་འདྲ་མཉམ་དྲང་བཞག་སྲུང་སྐྱོབ་བྱས་ནས། དབུས་ཤར་ས་ཁུལ་སྔ་མོ་ནས་ཞི་བདེ་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།