ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་བསྡུས། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལིན་ཡུས་ཧོས་གཉིས་ཀྱིས་བརྙན་རིས་བརྒྱུད་དེ་ཚོགས་འདུ་ཚོགས་མགོ་བརྩམས་པའི་ཤིས་ཚིག་ཕུལ།

ཝང་དབྱི་ཡིས་ཤིས་ཚིག་ནང་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བའི་ཁྲོད་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ལོ་སུམ་ཅུའི་རིང་ལ། ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་ཕྱོགས་གཉིས་ཀྱིས་ཐོག་མར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པར་མ་ཟད་རང་མོས་ཉོ་ཚོང་ས་ཁུལ་བཙུགས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ།  ཨེ་ཤ་ཡའི་ཤར་ལྷོའི་ཁུལ་ཁོངས་སུ་མཉམ་ལས་ཀྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད་ཟེར།

ལིན་ཡུས་ཧོས་ཀྱིས་ཤིས་ཚིག་ནང་བཤད་དོན། ལོ་སུམ་ཅུའི་རིང་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་ཕྱོགས་གཉི་ཀར་ཕན་པ། ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་བྱེད་པ་སོགས་རྨང་གཞིའི་སྟེང་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བ་མ་འོངས་པར་ཅིས་ཀྱང་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཆེན་པོ་ཡོད་པ་དང་། ད་ལོར་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མགོ་ཁྲིད་པའི་གྲོས་ཚོགས་སྟེང་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་མཛའ་མཐུན་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།