ཀྲུང་གོ་བོད་ཀྱི་དྲ་བ།

ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་མི་སྣ24ལ་པྲོག་དབྱིབས་ནད་དུག་འགོས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏུང་ཅིན་ཨོ་རྩལ་སྒྲིག་འཛུགས་ཨུ་ལྷན་གྱིས་ཟླ7པའི་ཚེས29ཉིན་ཁྱབ་བསྒྲགས་བྱས་དོན། ཨའོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་མི་སྣའི་ཁྲོད་དུ་མི24ཡི་པྲོག་དབྱིབས་ནད་དུག་གི་ཞིབ་དཔྱད་ཚད་ལེན་མཇུག་འབྲས་གདགས་གཤིས་མངོན་པ་དང་། གཞི་གྲངས་དེ་ཟླ7པ་ནས་བཟུང་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་མི་སྣར་ཉིན་གཅིག་ལ་འགོས་ནད་ཕོག་པའི་མི་གྲངས་འཕར་སྣོན་བྱེད་ཚད་མཐོ་ཚད་གསར་བ་ཞིག་ལ་སླེབས་ཡོད་ཅིང་། དེའི་ནང་ད་དུང་ལུས་རྩལ་པ་3ཡང་འདུས་ཡོད།

ད་ལྟའི་བར་དུ། ཟླ7པ་ནས་བཟུང་བརྩིས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་མི་སྣའི་འགོས་ནད་ཕོག་པའི་མི་གྲངས193ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།