འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་བརྒྱ་དང་ང་དྲུག་ལ་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།    འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་བརྒྱ་དང་ང་དྲུག་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་བཅུའི་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་ཁྲི་གཅིག་སྟོང་བཞི་དང་བཅུ་གཉིས་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་བརྒྱ་དང་ང་དྲུག་ལ་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བརྒྱད་དང་ལྔ་བརྒྱ་སོ་བདུན་ཇེ་མང་དུ་སོང་ནས་བསྡོམས་པས་ས་ཡ་བཞི་དང་འབུམ་གཅིག་ཁྲི་བརྒྱད་བརྒྱ་དང་རེ་གཅིག་ལ་སླེབས་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།