ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡ་རུ་ཉིན་གཅིག་གི་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཐོག་དང་པོར་སྟོང་གཉིས་ལས་བརྒལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་རིམས་ནད་ཀྱི་གནས་ཚུལ་གསར་པ་ལྟར་ན།  ཧིན་རྡུ་ཉི་ཡ་རུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བཞི་དང་སྟོང་ལྔ་ཉིས་བརྒྱ་དང་གསུམ་ཀྱིས་ཇེ་མང་དུ་སོང་བ་དང་།    རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཉིས་དང་རེ་དགུ་ཇེ་མང་དུ་སོང་སྟེ་ཧིན་རྡུ་ཉི་ཞི་ཡའི་རིམས་ནད་བྱུང་བའི་ཚུན་གྱི་མཐོ་རླབས་སུ་སླེབས།

ཚེས་ཉེར་བདུན་བར།  ཧིན་རྡུ་ཉི་ཞི་ཡ་རུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གསུམ་སྟོང་དགུ་ལས་བརྒལ་བ་དང་།  རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་བརྒྱད་དང་སྟོང་དྲུག་ལས་བརྒལ།    དྲག་སྐྱེད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་ལྔ་ཁྲི་དགུ་སྟོང་དྲུག་ལས་བརྒལ།

ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁུ་ཡིས་ཚེས་ཉེར་ལྔ་ཉིན་སྐུད་ཐོག་གི་སྒྲོག་སྤེལ་ཚོགས་འདུ་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན།   ཀྲ་ཝ་གླིང་ཕྲན་དང་པ་ལི་གླིང་ཕྲན་དུ་ལག་བསྟར་བྱེད་པའི་སྤྱི་བའི་བྱ་འགུལ་གྱི་ཚད་བཀག་བྱེད་ཐབས་དེ་ཟླ་བརྒྱད་པའི་ཚེས་གཉིས་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་།   ཁོས་མི་རྣམས་ཀྱིས་གཤིས་འགྱུར་ནད་དུག་ལ་དོགས་ཟོན་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།