ཝང་དབྱི་ཡིས་ཐེན་ཅིན་དུ་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་པཱ་ཐི་ཚི་ཚི་ཀུ་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས27ཉིན།རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཐེན་ཅིན་དུ་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་པཱ་ཐི་ཚི་ཚི་ཀུ་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན།  པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ།   ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ལེའུ་གསར་པ་བྲིས།  ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མོང་གོལ་ཕྱོགས་ལ་རིམས་འགོག་ཐད་མཁོ་བའི་རོགས་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན་པ་དང་།    དངུལ་རྩ་དང་ཞིང་ཕྱུགས་ལས་རིགས།  རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དྲག་ཏུ་གཏོང་བ།   མི་གཞུང་བརྗེ་རེས་ཀྱི་རྣམ་པ་དང་ནང་དོན་གསར་སྐྲུན་བྱས་ཏེ་ནམ་ཡིན་ཡང་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ།  སྤུན་ཟླ་བཟང་བོ་ཡིན་པའི་འདུ་ཤེས་དེ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་འདུ་ཤེས་སུ་འགྱུར་བར་བྱེད་འདོད་ཡོད་ཟེར།

པཱ་ཐི་ཚི་ཚི་ཀུ་ཡིས་བསྟན་དོན།   ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་གྲུབ་འབྲས་གསར་པ་ལེན་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ།   ཕྱོགས་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས་པར་མ་ཟད།  ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།