དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ཧ་མ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས25ཉིན། དབྱི་སི་རལ་དམག་ཕྱོགས་ཀྱིས་བཤད་དོན། དབྱི་སི་རལ་འཐབ་འཛིང་གནམ་གྲུས་ཉིན་དེའི་དགོང་མོར་ཅ་ཧྲ་ས་ཁུལ་གྱི་པ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་འགུལ་སྐྱོད་ཧ་མ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས། པ་ལེ་སི་ཐན་ཕྱོགས་ཀྱི་མི་སྣས་བཤད་དོན། ཐེངས་འདིའི་འཇབ་རྒོལ་ཁྲོད་མི་སྣ་ཤི་རྨས་མ་བྱུང་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་ཅིག་གི་ནང་དུ་བཤད་དོན། དབྱི་སི་རིལ་འཐབ་འཛིང་གནམ་གྲུས་བར་སྣང་ནས་ཧ་མ་སིའི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས། ཐེངས་འདིར་བར་སྣང་ནས་འཇབ་རྒོལ་བྱས་པའི་དམིགས་ཡུལ་ནི་ཉིན་དེར་ཅ་ཧྲ་ས་ཁུལ་གྱིས་དབྱི་སི་རལ་ལ་འབར་རྫས་སྒྲིག་ཆས་ཡོད་པའི་དབུགས་སྒང་བཏང་པར་འཁོན་ལན་སློག་པ་དེ་རེད།

གཞན་ཡང་པ་ལེ་སི་ཐན་གྱི་མི་སྣས་བཤད་པ་ལྟར་ན། དབྱི་སི་རལ་འཐབ་འཛིང་གནམ་གྲུས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཧ་མ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་རྩ་འཛུགས་ཁ་སང་སྟོང་ཤོག་གི་དམག་དོན་རྟེན་གཞི་དང་ཞིང་ས་སྐོར་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ནའང་མི་སྣ་ཤི་རྨས་མ་བྱུང་།

དབྱི་སི་རལ་མེ་གསོད་ལས་ཁུངས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་དོན། ཉིན་དེར་ཅ་ཧྲ་ས་ཁུལ་གྱིས་བཏང་བའི་འབར་རྫས་ཡོད་པའི་དབུགས་སྒང་གིས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ས་གནས་གསུམ་དུ་མེ་སྐྱོན་བྱུང་དུ་བཅུག་པ་རེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།