ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ཁ་མེ་ལུང་གི་ཡ་ཝུན་ཏི་སྨན་ཁང་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་སྐོར་ཉེར་གཅིག་པའི་སྨན་བཅོས་རུ་ཁག་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཁ་མེ་ལུང་གི་རྒྱལ་ས་ཡ་ཝུན་ཏི་རུ་ས་གནས་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་ལ་སྨན་བཅོས་རོགས་སྐྱོར་དངོས་རྫས་ཞལ་འདེབས་སུ་ཕུལ།

ཡ་ཝུན་ཏི་བུད་མེད་དང་བྱིས་པའི་སྨན་ཁང་གིས་སྤེལ་བའི་རོགས་སྐྱོར་དངོས་རྫས་སྟེར་བའི་མཛད་སྒོའི་སྟེང་།  ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་རུ་ཁག་གིས་སྨན་ཁང་དེ་ལ་མིག་ནད་སོགས་ཀྱི་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་རིགས་ང་ལྔ་ཞལ་འདེབས་སུ་ཕུལ།

ཀྲུང་གོའི་ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་འགོ་གཙོ་ཐེན་ཡོན་གྱིས་བྱ་འགུལ་སྟེང་ཤིས་ཚིག་ཕུལ་ནས་བཤད་རྒྱུར།    གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོ་ནས་ད་ལྟའི་བར།  ཀྲུང་གོས་ཁ་མེ་ལུང་དུ་བསྡོམས་པས་སྨན་བཅོས་རོགས་སྐྱོར་རུ་ཁག་སྐོར་ཐེངས་ཉེར་གཅིག་མངགས་པ་དང་།    སྨན་བཅོས་དངོས་རྫས་ཀྱིས་རོགས་སྐྱོར་བྱེད་པ་དང་།    ཆེད་མཁས་ཚན་ཆུང་མངགས་པ།    རིག་གཞུང་བརྗེ་རེས་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁ་མེ་ལུང་ཕྱོགས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་བ་དང་།    རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་སྤེལ་བྱས་ཟེར།

ཡ་ཝུན་ཏི་བུད་མེད་དང་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཨེ་ནའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་སྨན་བཅོས་དངོས་རྫས་ཀྱིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་།    དངོས་རྫས་དེ་དག་གིས་རང་སྨན་ཁང་གི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་བཅད་པ་དང་།   ཁ་མེ་ལུང་ཕྱོགས་ཀྱི་སྨན་བཅོས་མི་སྣའི་བྱ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་ཕན་པ་མ་ཟད།   སྨན་ཁང་གི་སྨན་བཅོས་སྒྲིག་ཆས་འཐུས་ཚང་དུ་གཏོང་བར་ཕན་པ་ཡོད་པའི་ཚུལ་བསྟན།

ཀྲུང་གོ་ཕྱོགས་ཀྱི་ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་ཡ་ཝུན་ཏི་སྨན་ཁང་གི་སྨན་བཅོས་མི་སྣ་བཅས་བསྡོམས་པས་མི་ཉི་ཤུ་ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།