ཀྲུང་གོ་བོད་ཀྱི་དྲ་བ།

པའེ་ཏིན་གྱིས་དབྱི་རག་ཏུ་བཅའ་སྡོད་བྱས་པའི་ཨ་མེ་རི་ཁའི་དམག་གིས་ད་ལོའི་ལོ་མཇུག་ལ་དམག་འཐབ་ལས་འགན་མཇུག་སྒྲིལ་རྒྱུ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར།    དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་གིས་ད་ལོའི་ལོ་མཇུག་ཏུ་དམག་འཐབ་ལས་འགན་མཇུག་སྒྲིལ་རྒྱུ་ཡིན་མོད།  འོན་ཀྱང་མུ་མཐུད་དུ་སྦྱོང་བརྡར་དང་དབྱི་རག་སྲིད་གཞུང་དམག་ལ་རོགས་འདེགས་བྱེད་པའི་ལས་འགན་ཁག་ཁུར་བྱེད་ངེས་ཡིན་ཟེར།

པའེ་ཏིན་གྱིས་ཉིན་དེའི་ཕྱི་དྲོར་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ལི་ཁ་ཏི་མིས་ལ་ཐུག་འཕྲད་བྱས།  པའེ་ཏིན་གྱིས་ཐུག་འཕྲད་མ་བྱས་པའི་སྔོན་ལ་སྨྱན་བྱད་ལས་ཨ་མེ་རི་ཁའི་དམག་གིས་མུ་མཐུད་དུ་སྦྱོང་བརྡར་དང་དབྱི་རག་སྲིད་གཞུང་དམག་ལ་རོགས་འདེགས་བྱེད་རྒྱུ་མ་ཟད།   ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཁ་གཏད་འཇལ་རྒྱུ་ཡིན་མོད།  འོན་ཀྱང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་གིས་ད་ལོའི་ལོ་མཇུག་ལ་དམག་འཐབ་ལས་འགན་མཇུག་སྒྲིལ་རྒྱུ་ཡིན་ཟེར།

པའི་ཏིན་གྱིས་བཤད་རྒྱུར།   ཨ་མེ་རི་ཁ་དང་དབྱི་རག་གིས་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྡུང་རྡེག་གཏོང་བ་དེ་ས་ཁུལ་གྱི་གཏན་འཇགས་ཐད་ལ་ཧ་ཅང་གལ་འགངས་ཆེ་བ་དང་།   རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་དུས་རིམ་གསར་པར་ཞུགས་ནའང་།   ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ལ་རྒོལ་བའི་མཉམ་ལས་མུ་མཐུད་དུ་སྤེལ་འོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།