ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རོན་ཁྲུན་ཧྥུའུ་ལ་གློག་འཕྲིན་བཏང་ནས་ཁོང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རོན་ཁྲུན་ཧྥུའུ་ལ་གློག་འཕྲིན་བཏང་ནས་ཁོང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཡོ་ནན་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ལ་ཐུན་མོང་གི་ཁེ་ཕན་ཐད་ཁྱབ་རྒྱ་ཡངས་པ་ཡིན། ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་གནོད་འཚེའི་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་ཕུགས་འདུན་དད་སེམས་བརྟན་སྲུང་དང་མཐུན་སྒྲིལ་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་ལག་ཏུ་བསྟར་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་དུས་རབས་ཀྱི་དོན་སྙིང་གསར་པ་བསྣན་ཡོད།

ཞི་ཅིན་ཕིང་གིས། ད་ལོའི་ཚུན་དུ་ཡོ་ནན་གུང་ཁྲན་ཏང་གིས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་བསུས། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་སྔ་མཐུད་ཕྱི་སྐྱོང་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ངས་ཀྲུང་གོ་དང་ཡོ་ནན་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཡོ་ནན་གྱི་མགོ་ཁྲིད་བློ་མཐུན་ཚོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་དུས་རབས་གསར་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ལ་སྣེ་ཁྲིད་དང་ཤུགས་སྣོན་བརྒྱབ་ནས་ཀྲུང་ཡོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཐད་དོན་སྙིང་ལྡན་པ་དང་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་མངོན་འགྱུར་འབྱུང་བར་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥན་མིང་ཀྲེང་ཡོ་ནན་སྲིད་གཞུང་གི་ཙུང་ལིར་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། ཁོང་གིས་ཙུང་ལི་ཧྥན་མིང་ཀྲེང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཛའ་གྲོགས་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཡོང་བར་ཇེ་མགྱོགས་སུ་གཏོང་རྒྱུ། གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གཏོད་ནས་དུས་རབས་གསར་པའི་ཀྲུང་ཡོ་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།