ཐུ་ནི་སིའི་ཙུང་ཐུང་གིས་ཙུང་ལིའི་འགན་དབང་མེད་པར་བཟོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་སིའི་ཙུང་ཐུང་སཱ་ཡིས་ཏི་ཡིས་ཚེས་ཉེར་ལྔ་ཉིན་བསྒྲགས་དོན། ཁོས་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་བ་བརྒྱུད་དེ་ཙུང་ལི་མའེ་ཞིས་ཞིས་ཀྱི་འགན་དབང་མེད་པར་བཟོས་པ་ཐག་བཅད་པར་མ་ཟད། གྲོས་ཁང་གི་བྱ་འགུལ་གནས་སྐབས་སུ་མཚམས་བཞག་པ་ཡིན་ཟེར།

སཱ་ཡིས་ཏི་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོ། དམག་དཔུང་དང་བདེ་འཇགས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་ལྷན་དུ་ཛ་དྲག་ཆེ་བའི་ཚོགས་འདུ་བསྡུས་ཏེ། ཛ་དྲག་ཆེ་བའི་བྱེད་ཕྱོགས་རབས་དང་རིམ་པ་བསྒྲགས་ལ། དེའི་ཁྲོད་དུ་ཙུང་ལི་ཡི་འགན་དབང་མེད་པར་བཟོས་པ་དང་ཙུང་ཐུང་གིས་ཙུང་ལི་གསར་པ་མ་བསྐོས་བར་དུ་སྲིད་གཞུང་ལ་སྣེ་ཁྲིད་བྱེད་པ། གྲོས་ཁང་གི་བྱ་འགུལ་མཚམས་འཇོག་པ། གྲོས་མིའི་དབང་ཆ་རྩིས་མེད་དུ་གཏོང་བ་བཅས་ཚུད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།