ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཁུ་གནས་མཆོག་ཅེས་པའི་དྲག་ཆས་པས་ཁ་མེ་ལུང་བྱང་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་མེ་ལུང་གི་ས་གནས་སྨྱན་བྱད་ཀྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་བཤད་རྒྱུར།  པའོ་ཁུ་གནས་མཆོག་ཅེས་པའི་དྲག་ཆས་པས་ཉིན་དེའི་ཞོགས་པར་ཁ་མེ་ལུང་བྱང་ཕྱོགས་ཀྱི་དམག་དོན་རྟེན་གཞི་ལ་འཇབ་རྒོལ་བྱས་ཏེ།  དམག་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་།  མི་བཞི་ལ་རྨས་ཕོག

ཁ་མེ་ལུང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་དམག་དོན་རྟེན་གཞི་དེའི་དཔོན་རིགས་མེས་ཅི་ཡ་ཝ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར།  པའོ་ཁུ་གནས་མཆོག་ཅེས་པའི་དྲག་ཆས་པས་རླངས་འཁོར་དྲུག་བསྐོར་ཏེ་ས་དེའི་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བཞིའི་སྟེང་ས་གནས་དེ་ཡི་ནེ་ཀྲི་རི་ཡའི་མཐའ་མཚམས་དང་ཉེ་བའི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས།

ས་དེའི་བདེ་འཇགས་སྡེ་ཁག་གིས་བཤད་རྒྱུར།    དེ་ནི་ཉེ་བའི་ཟླ་བཅུའི་རིང་ལ།   པའོ་ཁུ་གནས་མཆོག་ཅེས་པའི་དྲག་ཆས་པས་ཁ་མེ་ལུང་གི་དམག་ཕྱོགས་ལ་ཤི་རྨས་བཟོས་ཚད་ཆེས་ཚབས་ཆེ་བའི་ཐེངས་ཤིག་ཡིན་ཟེར།

པའོ་ཁུ་གནས་མཆོག་ཅེས་པའི་དྲག་ཆས་བཙུགས་ནས་ལོ་བཅུ་ལྷག་གི་རིང་ལ།    ཀྲ་ཏི་མཚོ་འགྲམ་དུ་མི་སེར་དཀྱུས་མ་དང་དམག་མི་ལ་རྒྱུན་པར་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་།    ནེ་ཀྲི་རི་ཡ་དང་ཀྲ་ཏི།    ཁ་མེ་ལུང་སོགས་རྒྱལ་ཁབ་ལ་བདེ་འཇགས་ཐད་ཀྱི་འཇིགས་ཉེན་བཟོ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།