ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥིན་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧ་ཝེ་སི་ཐའོ་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཚེས་ཉེར་ལྔ་ཉིན་སི་ཁྲོན་ཁྲིན་ཏུའུ་ནས་ཧྥིན་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧ་ཝེ་སི་ཐའོ་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན།   ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བའི་ཕྱོགས་གཙོ་བོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་ཚན་རྩལ་གསར་སྐྲུན་དང་དཔལ་འབྱོར་འཁོར་རྒྱུག་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་དྲག་ཏུ་གཏོང་འདོད་ཡོད་པ་དང་།   ཧྥིན་ལན་རྒྱུད་གཅིག་ལམ་གཅིག་ལས་གཞིའི་མཉམ་ལས་ཁྲོད་ཞུགས་པར་དགའ་བསུ་ཞུ་བ་ཡིན།    རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར།   དགུན་དུས་ལུས་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དྲག་ཏུ་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཧ་ཝེ་སི་ཐའོ་ཡིས་བསྟན་དོན།   ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གྲུབ་འབྲས་ཀྱིས་ཕྱུག་པའི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད།   ཀྲུང་གོ་ཕྱོགས་ཀྱི་ནད་དུག་གི་འབྱུང་ཁུངས་གནད་དོན་ཐད་ཀྱི་དོ་ཁུར་ལ་རྒྱུས་ལོན་བྱེད་ཐུབ་པ་དང་།   ནད་དུག་གི་འབྱུང་རྩ་ཚན་རིག་ལྟར་ཐག་གཅོད་དགོས་པའི་འདོད་ཚུལ་བཅངས་ཡོད། ཡོ་རོབ་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ།    གྲོས་མོལ་ལ་མགྱོགས་མྱུར་སྒོས་ཆོག་མཆན་ཐོབ་པའི་རེ་བ་བཅངས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།