ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མེན་སྲིད་གཞུང་དམག་དང་ཧུའུ་སེ་དྲག་ཆས་མི་སྣས་མེ་མདས་རྒྱག་རེས་བྱས་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།      ཡེ་མེན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཡེ་མེན་སྲིད་གཞུང་དམག་དང་ཧུའུ་སེ་དྲག་ཆས་མི་སྣས་ཉིན་དེར་ཡེ་མེན་དབུས་ཁུལ་གྱི་མཱ་ལི་པུའུ་ཞིང་ཆེན་ནས་མེ་མདས་རྒྱག་རེས་བྱས་ནས་ཕྱོགས་གཉིས་ཀྱི་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་སོ་ལྔར་རྨས་ཕོག

མིང་བཤད་མི་འདོད་པའི་དཔོན་རིགས་དེས་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣས་མཱ་ལེ་པུའུ་ཞིང་ཆེན་ནུབ་ཕྱོགས་ཀྱི་ས་ཁུལ་དུ་ཐེངས་གང་མང་ལ་ཕར་རྒོལ་བྱས་པ་དང་། སྲིད་གཞུང་དམག་གིས་སོ་ཏི་ཨ་རབ་གཙོས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་མཁའ་དམག་གི་རོགས་འདེགས་འོག་ཧུའུ་སེ་དྲག་ཆས་མི་སྣར་ཕྱིར་ཕར་རྒོལ་བྱས་ཏེ། ཕྱོགས་གཉིས་ཀའི་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་སོ་ལྔར་རྨས་ཕོག

དཔོན་རིགས་དེས་མུ་མཐུད་དུ་བཤད་རྒྱུར། ཉེ་བའི་གཟའ་འཁོར་འགའི་རིང་། ཡེ་མེན་སྲིད་གཞུང་གི་དམག་གིས་མཱ་ལི་པུའུ་ཞིང་ཆེན་དུ་བསྟུན་མར་འཐབ་ཇུས་གནད་ས་འགའ་བླངས་པ་དང་ཧུའུ་སེ་དྲག་ཆས་དང་འཐབ་འཁྲུག་བྱས་པའི་ཁྲོད་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།