ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ནུབ་ཕྱོགས་སུ་ཆར་བ་དྲག་པོ་བབས་ཏེ་མི་བརྒྱ་དང་སོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ནུབ་ཕྱོགས་ཀྱི་མཱ་ཧ་ལ་ཧྲི་མངའ་སྡེ་ཡི་གནོད་འཚེ་ཉུང་གཏོང་ལས་གཉེར་ཁང་གི་པུའུ་ཀྲང་ཝེ་ཅཱ་དབྱི་ཝ་ཏི་ཏིས་ཝ་ཨར་གྱིས་ཚེས་ཉེར་བཞི་ཉིན་ས་གནས་སྨྱན་བྱད་ལ་བཤད་རྒྱུར། བསྟུད་མུར་དྲག་ཆར་བབས་པར་རྐྱེན་བྱས་ཏེ་མི་བརྒྱ་དང་སོ་གསུམ་རྐྱེན་ལམ་དུ་ཤོར་ཟེར།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དྲག་ཆར་གྱིས་མཱ་ཧ་ལ་ཧྲི་མངའ་སྡེ་ཡི་ས་ཁུལ་མང་པོར་རི་ཉིལ་དང་འདམ་ཆར་འདྲེས་མ། ཆུ་ལོག་བཅས་ཀྱི་གོད་ཆག་བསླངས། གནོད་པ་ཐེབས་ཡུལ་ཆེ་སའི་ལཱ་ཀི་ཏི་ས་གནས་སུ་རི་ཉིལ་ནས་མི་སོ་བརྒྱད་བསད་པ་དང་མི་བརྒྱད་ཅུ་གར་སོང་ཆ་མེད་དུ་གྱུར།

གནོད་འཚེ་བྱུང་རྗེས་སྲིད་གཞུངགིས་མྱུར་སྐྱོབ་རུ་ཁག་མང་པོ་མངགས་ཏེ་རོགས་སྐྱོར་བྱས། མིག་སྔར་མི་ཁྲི་བརྒྱད་ལྷག་བདེ་འཇགས་ས་ཁུལ་དུ་གནས་སྤར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།